དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱེད་ཚད་མུའུ་ཁྲི་ལྔ་བརྒྱ་ལས་བརྒལ་རྒྱུ་རེད།

2025-04-11 10:46:22   |   389


སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མཚོ་སྔོན་ཉིན་རེའི་ཚགས་པར་གློག་རྡུལ་འཕྲིན་སྟེགས།     བཤེར་འབེབས།   རིན་ཆེན་ཚེ་རིང་། 


མཚོ་སྔོན་གསར་འགྱུར་དྲ་བ·རབ་མཛེས་མཚོ་སྔོན་མགྲོན་སྣེ་ནས་འབྱོར་བའི་གནས་ཚུལ།    ཟླ4པའི་ཚེས10ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང“བྱང་གསུམ”ལས་གྲྭའི་འགག་སྒྲོལ་ལས་ཀ་སྐུལ་འདེད་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།    2025ལོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི538.52(མུའུ1སྤྱི་ཆིང0.0667)བྱེད་འཆར་ཡོད་པའི་ནང་། སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི125.92དང་རྩྭ་འདེབས་ལེགས་བཅོས་མུའུ་ཁྲི412.6བྱེད་འཆར་ཡོད་པ་རེད། བྱེ་འགོག་བྱེ་བཅོས་མུའུ་ཁྲི392.9བྱེད་རྒྱུ་རེད།

ད་ལོར། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་དོན་གྱིས“ཚན་རིག་དང་མཐུན་པའི་བཅོས་སྐྱོང་དང་ཧུར་ཐག་བརྟན་བརླིང་། སྟོབས་ཤུགས་གཅིག་སྡུད།    སྔོན་ཐོན་བརྩོན་ལེན་བྱེད་ཕོད་པའི”སྤྱིའི་བླང་བྱ་གཞིར་བཟུང་ནས་གཙོ་གནད་རྣམ་གྲངས་ཀྱི་མྱུར་ཚད་དང་སྤུས་ཚད་འགག་རྩར་བྱེད་པ་དང་།    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་རྫོང་དང་།    མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་གྱི་མ་དཔེ་དེ་གཞི་འཛིན་སར་བྱས་ཏེ། ཆབ་ཆའི་གཤོང་ས་དང་ཚྭ་འདམ་གཤོང་སའི་འགག་སྒྲོལ་གཡུལ་འཐབ་ཀྱི་སྤྱིའི་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ནས་སྔ་སྣུར་དུ་ལོ་གསུམ་འགག་སྒྲོལ་བྱ་སྤྱོད་ཀྱི་བཅོས་སྐྱོང་ལེགས་འགྲུབ་ཡོང་བ་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།     རྨང་གཞི་དེའི་ཐོག“ཁིས་ཐུར”བྱེ་བཅོས་ཀྱི་དཔེ་མཚོན་གསར་པ་ཡང་བསྐྱར་སྐྲུན་པ་དང་ལན་ཞི་ཡུག་འབྲེལ་གྲོང་ཁྱེར་ཚོགས་པའི་སྔོ་ལྗང་བར་ཁྱམས་བསྐྲུན་རྒྱུ་དེ་སྐུལ་ཁྲིད་བྱེད་ས་བྱས་ཏེ།    “བྱེ་བཅོས་དང་ནགས་འཛུགས།    རྩྭ་འདེབས”བཅས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་གསར་པའི་འཆར་འགོད་མགྱོགས་སུ་བཏང་ནས་ཞིང་ཆེན་ཡོངས་གྱི“བྱང་གསུམ་”སོགས་གཙོ་གནད་ལས་གྲྭ་དང་ཐང་རྒོད་ཅན་འགོག་བཅོས་ལས་དོན་ལ་ཚད་བརྒལ་གསར་པ་དང་བཀྲག་མདངས་གསར་པ་ཡོང་བར་སྐུལ་འདེད་བྱེད་རྒྱུ་རེད།

“ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་།    ཞིང་ཆེན་གྱིས་སྤྱི་ཁྱབ་འགན་འཁྲི་འཁུར་བ།    གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བཅས་བྱེད་པའི་ལས་ཀའི་ནང་རྐྱེན་ཀྱི་བླང་བྱ་གཞིར་བཟུང་ནས་རིམ་པ་ཁག་གི་འགན་འཁྲི་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་།    ཚན་རིག་དང་མཐུན་པའི་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ།   “བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་འཆར་འགོད་དང་ས་གནས་དེ་གའི་དོན་དངོས་ལ་བསྟུན་ནས་མ་ལག་དང་ལྡན་པའི་བཅོས་སྐྱོང་དང་ཚན་རིག་དང་མཐུན་པའི་བཅོས་སྐྱོང་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།    ཆུ་ལ་བརྟེན་ནས་སྔོ་འགྱུར་བྱེད་པ་དང་།    སྲུང་སྐྱོང་དང་ཉམས་གསོ་དཀྱིས་གཅིག་ཏུ་འཛིན་པ།     བྱེ་བཅོས་དང་ཆུ་བཅོས། རི་བཅོས་བཅས་མཐུན་སྦྱོར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།     དེ་དང་ཆབས་ཅིག མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    བྱེ་རྡུལ་འབྱུང་ཁུངས་དང་བརྒྱུད་ལམ།    རླུང་རྒྱུའི་ཁ་ཕྱོགས།    འགྲམ་ངོགས་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། མཐུན་སྦྱོར་མཉམ་འགུལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།   རིམ་པ་བཞིའི་ཆེད་མཁས་པའི་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ནས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་བསྐྲུན་ནས་བཅོས་སྐྱོང་གི་སྤྱིའི་ཕན་འབྲས་ཆེ་རུ་གཏོང་དགོས།


མཉམ་སྤྱོད།