དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་འོས་འགན་སྡོང་འཛུགས(རྩྭ་འདེབས)ཀྱི་བྱེད་སྒོ་སྤེལ་བ།

2025-04-11 11:52:13   |   417

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མཚོ་སྔོན་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


མཚོ་སྔོན་གསར་འགྱུར་དྲ་བ·རབ་མཛེས་མཚོ་སྔོན་མགྲོན་སྣེ་ནས་འབྱོར་བའི་གནས་ཚུལ།    ཟླ4པའི་ཚེས10ཉིན་གྱི་སྔ་དྲོར།    ཞིང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་།    ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ལུའོ་ཏུང་ཁྲོན།    མགོན་པོ་བཀྲ་ཤིས།   ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་མགོ་ཁྲིད་ཟི་ལིང་གྲོང་ཁྱེར་མཁར་དཀྱིས་ཆུས་ཡོན་པའོ་ཙིའི་འདམ་རའི་སྐྱེ་ཁམས་ཉམས་གསོ་དང་སྲུང་སྐྱོང་ལས་གྲྭའི་རྣམ་གྲངས་ཡུལ་དངོས་སུ་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ2025ལོའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་པ་རེད།

微信图片_20250411115729.jpg

དཔྱིད་དཔལ་དལ་གྱིས་བཞད་ཞིང་། སྔོ་བསྒྱུར་སྐབས་སུ་བབས་ཡོད། ནན་ཁྲོན་ཆུ་བོའི་འགྲམ་དུ་ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་སོགས་ཞིང་ཆེན་གྱི་མགོ་ཁྲིད་ཀྱིས་ལས་བྱེད་པ་དང་མང་ཚོགས300ལྷག་ཙམ་དང་མཉམ་དུ་སྡོང་ཕྲུག(རྩྭ་འདེབས)སྟོང་ལྷག་ཙམ་མཉམ་དུ་འདེབས་འཛུགས་བྱས་ནས་ཆུ་འགྲམ་ལ་སྐྱེ་སྟོབས་ཆེན་པོ་བསྣན་ཡོད།     ཝུའུ་ཞའོ་ཅུན་གྱིས་ཡོན་པའོ་ཙིའི་འདམ་རའི་སྐྱེ་ཁམས་ཉམས་གསོ་དང་སྲུང་སྐྱོང་ལས་གྲྭའི་གནས་ཚུལ་ངོ་སྤྲོད་ལ་ཉན་སྐབས་ནན་བཤད་གནང་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ།    རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཅངས་ནས།    ནན་ཁྲོན་ཆུ་བོ་དང་པེ་ཁྲོན་ཆུ་བོ།    ཙོང་ཆུའི་འགྲམ་རྒྱུད་གྱི་ལྗང་མདོག་སྤུས་ཚད་དང་ལྗོངས་གཟིགས་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།    གནས་སྐོར་བའི་ངལ་གསོ་སྒྲིག་ཆས་དང་གྲོང་ཁྱེར་དལ་སྐྱོད་མ་ལག་འཐུས་ཚང་དུ་བཏང་སྟེ།    གནས་སྐོར་དང་བཟའ་བཏུང་།    རིག་གནས་གསར་གཏོད་སོགས་འཛད་སྤྱོད་ཁྲོམ་ར་སྐྲུན་པ་དང་། མི་དམངས་མང་ཚོགས་ལ་དེ་ལས་མང་བའི་སྔོ་ལྗང་གི་བདེ་སྐྱིད་ལོངས་སུ་སྤྱོད་དུ་འཇུག་དགོས།     

ཐེངས་འདིའི་སྡོང་འཛུགས་ཀྱིས་ཞིང་ཆེན་ཡོངས་གྱི“ངས་བྱང་གསུམ་དུ་སྡོང་བོ་འཛུགས་པ”ཞེས་པའི་བྱེད་སྒོ་སྤེལ་བར་འབོད་སྐུལ་བྱས་པ་དང་།    སྤྱི་ཚོགས་ལས་རིགས་ཁག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་།    འོས་འགན་སྡོང་འཛུགས་དང་།   སྡོང་འཛུགས་ལས་དོན་ལ་ཞལ་འདེབས་རྒྱག་པ།    ངོས་འཛིན་གསོ་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྤྱི་ཚོགས་ཡོངས་མཐུན་སྦྱོར་མཉམ་ལས་ངང་སྡོང་འཛུགས་ལས་དོན་ལ་ཞུགས་རྒྱུར་ཤུགས་སྣོན་དང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་བྱས་ནས་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ་བ་དང་།    མི་ཚང་མ་སྡོང་འཛུགས་ལས་དོན་ལ་ཞུགས་པ་དང་།    སྔོ་ལྗང་གི་དཔལ་ཡོན་མཉམ་དུ་ལོངས་སྤྱོད་བྱེད་པའི་རྣམ་པ་ཆགས་སུ་བཅུག་ནས“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་དགོས།     


མཉམ་སྤྱོད།