དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ8ཀྱི་མི་གྲངས་ཨང་རིམ།

2025-04-16 15:16:33   |   560

 སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཟི་ལིང་དགོང་མོའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་ཞིང་ཆེན་སྡོམ་རྩིས་ཅུ་ནས་ཤེས་རྟོགས་བྱུང་བར་ལྟར་ན། 2024ལོའི་ལོ་མཇུག་ཏུ་ཟི་ལིང་གྲོང་ཁྱེར་གྱི་གཏན་སྡོད་མི་གྲངས་ཁྲི247.69ཡིན་པ་དེས་ཞིང་ཆེན་ཡོངས་ཀྱི་གཏན་སྡོད་མི་གྲངས་ཀྱི41.77%བཟུང་ཡོད་པ་དང་། དེའི་ནང་མཁར་གྲོང་གི་གཏན་སྡོད་མི་གྲངས་ཁྲི200.11ཡིན་པ་དེ2023ལོའི་ལོ་མཇུག་ལས་ཁྲི0.21འཕར་ཡོད་པ་དང་། གཏན་སྡོད་མི་གྲངས་གྲོང་རྡལ་ཅན་དུ་འགྱུར་ཚད(མཁར་གྲོང་གི་གཏན་སྡོད་མི་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་གཏན་སྡོད་མི་གྲངས་ནང་བཟུང་བའི་བསྡུར་ཚད)80.79%ཡིན་པ་དེ2023ལོའི་ལོ་མཇུག་ལས་བརྒྱ་ཆའི་གྲངས0.22འཕར་ཡོད་པ་རེད།

2024ལོའི་མི་གྲངས་འཕོ་འགྱུར་གནས་ཚུལ་དཔེ་སྒྲུག་བརྟག་དཔྱད་ལས་མངོན་པར་གཞིགས་ན། 2024ལོའི་ལོ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་གཏན་སྡོད་མི་གྲངས་ཁྲི593ཡིན་པ་དང་། དེའི་ནང་མཁར་གྲོང་གི་གཏན་སྡོད་མི་གྲངས་ཁྲི379ཡིན་པ་དང་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི6མང་དུ་ཕྱིན་ཡོད། གཏན་སྡོད་མི་གྲངས་གྲོང་རྡལ་ཅན་དུ་འགྱུར་ཚད63.86%ཡིན་པ་དང་། དེ་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས1.06འཕར་ཡོད།

གྲོང་ཁྱེར་དང་ཁུལ་གྱི་གཏན་སྡོད་མི་གྲངས་ཀྱི་སྤྱི་འབོར་ནས་བལྟས་ན། 2024ལོའི་ལོ་མཇུག་ཏུ་ཟི་ལིང་གྲོང་ཁྱེར་གྱི་གཏན་སྡོད་མི་གྲངས་ཁྲི247.69ཡིན་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་གཏན་སྡོད་མི་གྲངས་ཀྱི41.77%ཟིན་ཡོད། མཚོ་ཤར་གྲོང་ཁྱེར་ལ་མི་ཁྲི132.86ཡོད་པ་དེས22.40%ཟིན་ཡོད། མཚོ་ནུབ་ཁུལ་ལ་མི་ཁྲི47.31ཡོད་པ་དེས7.98%ཟིན། མཚོ་ལྷོ་ཁུལ་ལ་མི་ཁྲི45.11ཡོད་པ་དེས7.61%ཟིན། ཡུལ་ཤུལ་ཁུལ་ལ་མི་ཁྲི43.43ཡོད་པ་དེས7.32%ཟིན་པ། རྨ་ལྷོ་ཁུལ་ལ་མི་ཁྲི28.22ཡོད་པ་དེས4.76%ཟིན་པ། མཚོ་བྱང་ཁུལ་ལ་མི་ཁྲི26.10ཡོད་པ་དེས4.40%ཟིན་པ། མགོ་ལོག་ཁུལ་ལ་མི་ཁྲི22.28ཡོད་པ་དེས3.76%ཟིན་ཡོད།

གྲོང་ཁྱེར་དང་ཁུལ་སོ་སོའི་གྲོང་རྡལ་ཅན་དུ་འགྱུར་ཚད་ལ་བལྟས་ན། 2024ལོའི་ལོ་མཇུག་ཏུ་གཏན་སྡོད་མི་གྲངས་གྲོང་རྡལ་ཅན་དུ་འགྱུར་བའི་ཚད་མཐོ་བ་ནས་དམའ་བའི་བར་རིམ་བཞིན། ཟི་ལིང་གྲོང་ཁྱེར80.79%དང་། མཚོ་ནུབ་ཁུལ79.90%དང་། ཡུལ་ཤུལ་ཁུལ54.29%དང་། མཚོ་བྱང་ཁུལ49.85%དང་། མཚོ་ལྷོ་ཁུལ46.86%དང་། མཚོ་ཤར་གྲོང་ཁྱེར46.52%དང་། རྨ་ལྷོ་ཁུལ45.96%དང་། མགོ་ལོག་ཁུལ38.55%བཅས་ཡིན།


མཉམ་སྤྱོད།