དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི“མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས”(མཚོ་བྱང་རྐང་ཚ)ཀྱི་བྱེད་སྒོ་སྤེལ།

2025-04-17 14:50:46   |   279

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེན་རིང་།


ཟླ4པའི་ཚེས15ཉིན་ནས་ཚེས16ཉིན་བར། “རང་བྱུང་དང་ལྷན་དུ་རྩེན། གཤོག་འགྱུར་གྱི་མཛེས་པ་འཚོལ”ཞེས་པ་བརྗོད་དོན་ཡིན་པའི2025ལོའི“མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས”ཀྱི་བྱེད་སྒོ་དེ་རྐང་ཚ་རྫོང་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་དང་བྱ་གླིང་། ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་བཅས་སུ་ཚ་ཚ་འུར་འུར་གྱིས་སྤེལ་མགོ་བརྩམས། པར་ལེན་མཁན་དང་རྩོམ་པ་པོ། རྐང་བགྲོད་མཁན། སློབ་གྲྭའི་དགེ་སློབ་བརྒྱ་ལྷག་ཙམ་གདན་འདྲེན་ཞུས་ནས་བྱེད་སྒོར་ཞུགས། བྱེད་སྒོའི་དམིགས་ཡུལ་ནི་མཚོ་སྔོན་པོའི་དུས་བྱ་ཕྱིར་ལོག་པའི་གོ་སྐབས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་དར་སྤེལ་གཏོང་བ། སྤྱི་དམངས་ཀྱིས་བྱ་རིགས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་དོ་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་བྱ་གཟིགས་ཡུལ་སྐོར་གྱི་ཆས་རྟགས་གཏོད་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཡིན།

图片1.jpg

图片2.jpg

ཟླ4པའི་ཚེས15ཉིན། གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་དུ“མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས”ཀྱི་སྐྱེ་ཁམས་པར་ལེན(བརྙན་ཟློས)འགྲེམས་སྟོན་གྱི་བྱ་དགའ་སྟེར་བའི་མཛད་སྒོ་དང“མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས”ཀྱི་མགོ་རྩོམ་མཛད་སྒོ་འཚོགས། ཡུལ་དངོས་སུ་བརྙན་ལེན་མཁན་གྱིས་བརྙན་ལེན་བྱས་པའི་རྐང་ཚའི་རང་བྱུང་མཛེས་ལྗོངས་དང་སྐྱེ་ཁམས་རིག་གནས། དུས་བྱ་སོགས་པར་ལེན་བྱས་པའི་སྤུས་ལེགས་བརྩམས་ཆོས་དང་བརྙན་ཐུང་ཕུན་སུམ་ཚོགས་པས་རྐང་ཚ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་གང་ལེགས་མངོན་པ་དང་མཚོ་སྔོན་ཞིང་ཆེན་གྱི་པར་བ་གྲགས་ཅན་མང་པོས་ཡུལ་དངོས་སུ་པར་ལེན་བརྩམས་ཆོས་ལ་དཔྱད་བསྡུར་བྱས། ཟླ4པའི་ཚེས16ཉིན། བྱ་གླིང་དུ་བྱ་རིགས་པར་ལེན་དང་རྩོམ་འབྲི་ཉམས་ལེན་བྱེད་སྒོ་སྤེལ་བ་དང་། ཞིང་ཆེན་ནང་ཁུལ་གྱི་པར་ལེན་མཐུན་ཚོགས་ཀྱི་ཁོངས་མི་སོགས་ཀྱིས་བརྙན་མིག་བརྟེན་ནས་མི་དང་འདབ་ཆགས་འཆམ་མཐུན་གྱི་སྣང་བརྙན་ཡག་པོ་དཔར་ལ་བཏབ། ཉིན་དེའི་སྔ་དྲོར། ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དུ་ཡང་རྫོང་ཡོངས་ཀྱི་རྐང་བགྲོད་མཁན་གྱི་འགྲན་བསྡུར་སྤེལ་བ་དང་འགྲན་ཞུགས་པས་ལམ་འགྲམ་གྱི་བྱ་རིགས་དང་ཡུལ་ལྗོངས་ལ་ལྟ་སྐོར་བྱས་ནས་དཔྱིད་ཀའི་གསོན་ཤུགས་མྱོང་རོལ་བྱས། བྱེད་སྒོའི་རིང་སློབ་མ50ལྷག་ཙམ་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དུ་ཚན་རིག་ཁྱབ་གདལ་ཉམས་ཞིབ་བྱེད་སྒོར་ཞུགས་ནས་ཡུལ་དངོས་སུ་སྐྱེ་ཁམས་ཚན་རིག་ཁྱབ་གདལ་དང་ཡུལ་དངོས་ལ་ལྟ་ཞིབ་བྱེད་པ། འདབ་ཆགས་འབྲི་བ། རང་བྱུང་ཁྲིད་སྟོན་གྱིས་ཡུལ་དངོས་སུ་དཔྱད་བརྗོད་སྤེལ་བ་བཅས་བྱས། ད་དུང་སློབ་མ་རྣམས་ཤོག་བྱ་སྤུར་བ་དང་རི་མོ་སྒྲིག་པའི་བྱེད་སྒོར་ཞུགས་ཏེ་སྤྲོ་སྣང་གི་ཁྲོད་ནས་བྱ་རིགས་ཤེས་རྟོགས་བྱས་ཏེ“མི་དང་རང་བྱུང་འཆམ་མཐུན་མཉམ་གནས”ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱས། དེ་དང་ཆབས་ཅིག ད་དུང“དག་གཙང་གཞིས་ཁྱིམ། གཤོག་འགྱུར་ལོག་ཕེབས་ཞེས་པའི་དུས་བྱ་འཚོ་གནས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་སྤྱི་ཕན་བྱ་འགུལ”སྤེལ་བ་དང་། བྱེད་སྒོར་ཞུགས་མཁན་སྒྲིག་འཛུགས་བྱས་ཏེ་གད་སྙིགས་འཐུས་ནས་རྒྱ་མར་ཚད་པ་དང་། ལྗིད་ཚད་ལྟར་དྲན་རྟེན་དངོས་རྫས་དང་ལག་ཁྱེར་སྟེར་བ་བཅས་བྱས་ནས་ཚང་མའི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཆེ་རུ་བཏང་།

微信图片_20250417145506.jpg

微信图片_20250417145511.jpg

微信图片_20250417145516.jpg

རྐང་ཚ་རྫོང་ནི་མཚོ་སྔོན་པོའི་བྱང་ངོགས་དང་མདོ་ལ་རི་བོའི་ལྷོ་ཕྱོགས་སུ་གནས་པ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཐུན་མོང་མ་ཡིན་པའི“ཆུ་ཉ་བྱ”བཅས་ཀྱི་མཉམ་གནས་མ་ལག་གིས་གནས་འདི་འདབ་ཆགས་ཀྱི་འཚོ་གནས་དང་གནས་སྤོའི་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་འདབ་ཆགས་འཚོ་གནས་ཀྱང་བྱེད་བཞིན་ཡོད། འདབ་ཆགས་སྲུང་སྐྱོབ་བྱས་པ་དེས་མདོ་ལ་རི་བོ་དང་མཚོ་སྔོན་པོའི“རྒྱལ་ཁབ་སྤྱི་གླིང་ཆེན་མོ་གཉིས”ཀྱི་སྐྱེ་ཁམས་དོ་མཉམ་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།


མཉམ་སྤྱོད།