དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་གཉེར་སྐྱོང་གཙོ་གཟུགས་དུད་ཚང་ཁྲི600ལས་བརྒལ་བ།

2025-04-21 11:18:13   |   333

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་ཁང་།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ4པའི་ཚེས21ཉིན་འབྱོར་བའི་གློག་འཕྲིན།    ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཚེས21ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན།    ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གཉེར་སྐྱོང་གཙོ་གཟུགས་དུད་ཚང་ཁྲི606.3གསར་དུ་བཙུགས་པ་རེད།     དེའི་ནང་། ཁེ་ལས་ཁྲི210གསར་དུ་བཙུགས་པ་དང་།    ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི394.9དང་།   ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི1.4གསར་དུ་བཙུགས་པས།    སྣ་མང་གཉེར་སྐྱོང་གཙོ་གཟུགས་བརྟན་ལྷིང་ངང་གོང་དུ་འཕར་བའི་རྣམ་པ་མངོན་ཡོད།

དམངས་གཉེར་དང་ཕྱི་རྒྱལ་མ་དངུལ་ཁེ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་ཡོད།      དུས་ཚིགས་དང་པོའི་ནང་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་དེ་དུས་མཚུངས་ལས7.1%འཕར་བ་དང་གསར་དུ་བཙུགས་པའི་ཕྱི་རྒྱལ་མ་དངུལ་གྱི་ཁེ་ལས་དུས་མཚུངས་ལས4.3%འཕར་ཡོད།     དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཡོད་པ་དེ་ཐོག་ནས་ཁྲོམ་རའི་སྔོན་དཔག་རྒྱུན་མཐུད་ངང་ལེགས་སུ་འགྲོ་བཞིན་པ་དང་ཁེ་ལས་ཀྱིས་མ་རྩ་གཏོང་བའི་ཡིད་ཆེས་ནུས་ལྡན་ངང་ཆེ་རུ་འགྲོ་བཞིན་པ་མཚོན་ཡོད།

ཐོན་ལས་ཀྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་སྟེ།     དུས་ཚིགས་དང་པོར་ཐོན་ལས་དང་པོའི་གཉེར་སྐྱོང་བྱེད་པོ་དུད་ཁྲི32.2གསར་དུ་བཙུགས་པ་དང་།    ཐོན་ལས་གཉིས་པའི་དུད་ཚང་ཁྲི46.8དང་། ཐོན་ལས་གསུམ་པའི་དུད་ཚང་ཁྲི527.3བཅས་གསར་དུ་བཙུགས་པ་རེད།     ཟླ3པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི“གསར་བ་བཞིའི”དཔལ་འབྱོར་ཁེ་ལས་དུད་ཚང་ཁྲི2491.8ཡོད་པ་དང་།    དུས་མཚུངས་ལས6.2%འཕར་ནས་ཁེ་ལས་སྤྱི་འབོར་ཀྱི40.1%ཟིན་ཡོད།

ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་གཉེར་སྐྱོང་གཙོ་གཟུགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་དམིགས་ནས་ཁྲོམ་རའི་ཆོག་འཐུས་དང་ཕྱིར་འཐེན་ལམ་ལུགས་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་།    རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་།    ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་དོན་ཞབས་ཞུ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་གཉེར་སྐྱོང་གཙོ་གཟུགས་ཁག་གི་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་སྐུལ་སྤེལ་བྱེད་དགོས།


མཉམ་སྤྱོད།