དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དམངས་སྲིད་པུས་རྒན་གསོAPPཁ་བསླུས་བརྒྱབ་པའི་དོགས་ཡོད་དྲན་སྐུལ་ཁྱབ་བསྒྲགས་བྱས་པ།

2025-04-22 11:03:19   |   376

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་ཁང་།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ4པའི་ཚེས22ཉིན། དམངས་སྲིད་པུས་སྤྱི་བསྒྲགས་སྤེལ་ནས་དམངས་སྲིད་པུས“ཡུས་མར་རྒན་གསོ一脉养老”དང“དམངས་ཕན་བཟོ་སྐྲུན惠民工程”ཞེས་པའི་རྣམ་གྲངས་འཛུགས་རྒྱུའི་ཆོག་མཆན་གཏན་ནས་མ་སྤྲད་པ་དང་དེ་དང་འདྲ་བའི་ཐོན་རྫས་སམ་མཉེན་ཆས་གང་ཡང་བཏོན་མེད་ཅེས་བཤད་པ་རེད། རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་ཆེར་བསྐྱེད་ཀྱིས་ཡོང་ཁུངས་མི་གསལ་བའི་ཆ་འཕྲིན་དང་དོན་དངོས་མིན་པའི་དྲིལ་བསྒྲགས་ལ་ཡིད་ཆེས་བྱེད་མི་རུང་བ་དང་། མགོ་སྐོར་འོག་ཏུ་མི་ཚུད་པ་བྱ་དགོས། དེའི་ནང་ཞུགས་ཟིན་པའམ་ཡང་ན་གྱོང་གུན་ཕོག་ཉེན་ཡོད་པའི་སྤྱོད་མཁན་གྱིས་ཁོངས་གཏོགས་སྤྱི་བདེལས་ཁུངས་ལ་གང་མགྱོགས་ངང་གྱོད་དོན་སྙན་སེང་ཞུས་ནས་གྱོང་གུན་ཆེན་པོ་མི་ཕོག་པ་བྱེད་དགོས་པའི་གྲོས་མགོ་བཏོན་ཡོད། གལ་ཏེ་དོགས་གཞི་ཡོད་པའི་གནས་ཚུལ་དང་འཕྲད་ན། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་བློ་འདྲི་དང་ཞིབ་དཔྱད་བྱེད་པའམ་ཡང་ན་སྤྱི་བདེ་ལས་ཁུངས་ལ་ཉེན་བརྡ་བཏང་ནས་ཐག་གཅོད་བྱེད་དགོས།


མཉམ་སྤྱོད།