དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དེ་རིང་ནས་བཟུང་བོད་ལྗོངས་སུ་འགྲོ་འོང་བྱེད་པའི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་།

2025-04-22 16:35:30   |   234

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས22ཉིན་ནས་བཟུང་། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་གྱིས་དོ་དམ་ནང་ཁུལ་གྱི་བོད་ལྗོངས་ལ་འགྲོ་འོང་བྱེད་མཁན་གྱི་འགྲུལ་པའི་དགོས་མཁོ་གཞིར་བཟུང་ནས་བོད་ལྗོངས་ལ་འགྲོ་འོང་བྱེད་པའི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་མང་དུ་གཏོང་རྩིས་ཡོད་པ་རེད།

2025ལོའི་ཟླ4པའི་ཚེས22ཉིན་དང་། ཚེས25ཉིན། ཚེས28ཉིན། ཟླ5པའི་ཚེས1ཉིན། ཚེས4ཉིན། ཚེས7ཉིན་བཅས་སུ་ཟི་ལིང་ནས་ལྷ་ས་བར་ལ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངསZ9817མང་དུ་གཏོང་རྒྱུ་དང་། ཟླ4པའི་ཚེས24ཉིན་དང་། ཚེས་27ཉིན། ཚེས30ཉིན། ཟླ5པའི་ཚེས3ཉིན། ཚེས6ཉིན། ཚེས9ཉིན་བཅས་སུ་ལྷ་ས་ནས་ཟི་ལིང་བར་ལ་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཐེངསZ9818མང་དུ་གཏོང་རྒྱུ་རེད། ལྕགས་ལམ་སྡེ་ཚན་གྱིས་རྒྱ་ཆེའི་འགྲུལ་པས12306ལས་སྟེགས་ཀྱི་ཆ་འཕྲིན་ནམ་ཡང་ན་མེ་འཁོར་བབས་ཚུགས་ཀྱི་སྤྱི་བསྒྲགས་ལ་དུས་ཐོག་ཏུ་དོ་ཁུར་བྱས་ནས་འགྲོ་འོང་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པའི་དྲན་སྐུལ་བྱས།


མཉམ་སྤྱོད།