དེ་རིང་ནི2025ལོའི་ཟླ05པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་ཐོག་མ་བཙུགས།

2025-04-25 15:34:35   |   481

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་ལྟ་ཞིབ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་དུ་བསྒྱུར་བའི་སྐོར་གྱི་མཆན་ལན》ཁྱབ་བསྒྲགས་བྱས་ཤིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གཉིས་པ་དེ་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་དུ་བསྒྱུར་བ་མོས་མཐུན་བྱུང་། དེས་མཚོ་བྱང་ཁུལ་གྱིས་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་ཐོག་མ་བཙུགས་པ་མཚོན་པ་དང་། སྨན་ཁང་དེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མགོ་བརྩམས་པའང་མཚོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རིམ་གསུམ་སྨན་ཁང་འཛུགས་པའི་ལས་དོན་སྤེལ་པ་ནས་བཟུང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་རྩ་འཛུགས་པུ་སོགས་པུ་ཨུ་དང་ཞིང་ཨུའི“ཚོགས་སྒྲིག་རྣམ་པའི”མཚོ་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ལས་འགན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རིམ་གསུམ་སྨན་ཁང་འཛུགས་པའི་ལས་དོན་དེ་ཉིན་རེའི་གྲོས་རིམ་ནང་བཅུག་ནས་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཛུགས་སྐྲུན་ཚད་ལོན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ་རེད། ཁ་གཏད་རོགས་སྐྱོར་ས་ཁུལ་དང་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཁུལ་མི་དམངས་སྨན་ཁང་གཉིས་པ་རིམ་གསུམ་སྨན་ཁང་འཛུགས་པའི་འཆར་གཞི་བཟོས་པ་དང་། རྩ་འཛུགས་པུ་དང་། སྒྲིག་ཁོངས་གཞུང་ལས་ཁང་། མི་སྤྱི། འཕྲོད་བསྟེན་བདེ་ཐང་། ནོར་སྲིད་སོགས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་མཐུན་སྦྱོར་ངང་ལས་ཀའི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་གཉིས་རིང་རིམ་རྩིས་བྱས་ན་ཧྲན་ཏུང་གི་མཚོ་སྐྱོར་མཁས་ཅན84མངགས་ནས“ཚོགས་སྒྲིག་རྣམ་པ”ཡིས་ཁུལ་མི་དམངས་སྨན་ཁང་གཉིས་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི“མཚོ་སྐོར་སྨན་བཅོས་རོགས་སྐྱོར”སོགས་ཕྱོགས་སོ་སོའི་ཆེད་ལས་མཁས་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་མཚོ་སྐྱོར་གླིང་གཙོ་དང་། གླིང་གཙོ་གཞོན་པ། སྤྱི་ཁྱབ་རྩིས་པ་ཆེ་མོ། “ལྟེ་གནས་ཆེན་པོ་ལྔ”ཡི་ཀྲུའུ་རེན་སོགས་མཚོ་སྐྱོར་ཤེས་ལྡན་མི་སྣས“སྨན་བཅོས་ལག་རྩལ་སྲུང་སྐྱོང་རོགས་སྐྱོར”ཐད་མཉམ་དུ་ཤུགས་རྒྱག་པར་སྐུལ་འདེད་བཏང་བ་རེད། སྨན་ཁང་གི་སྒྲིག་ཁོངས34མང་དུ་བཏང་བ་དང་། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནས་རྐང་འཛིན་མི་སྣ15བདམས་ཏེ་ཁུལ་མི་དམངས་སྨན་ཁང་གཉིས་པའི་ལས་གནས་སུ་སློབ་སྦྱོང་བྱེད་དུ་མངགས་པ། མི་སྣའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཆེད་མཁས་ཤེས་ལྡན་མི་སྣའི་སྤྱི་ཁང་བཀོད་སྒྲིག་བྱས་པ། མཁོ་སྒྲུབ་འགན་ལེན་བཅས་བྱས་ཏེ་ཁུལ་དང་རྫོང་གི་མི་ཤུགས་དང་། ནོར་ཤུགས། དངོས་ཤུགས་བཅས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མཚོ་བྱང་ཁུལ་གྱིས་རིམ་གསུམ་སྨན་ཁང་གི་རིམ་གཏོད་མྱུར་ཚད་བཀོད་སྒྲིག་གཞིར་བཟུང་ནས་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་། ཤེས་ལྡན་པ་གསོ་སྐྱོང་། སྨན་ཁང་འཛུགས་སྐྲུན་སོགས་ཀྱི་ཐད་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་རིམ་གསུམ་སྨན་ཁང་གི་གཏན་འཁེལ་བྱས་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱ་རྒྱུ་རེད།


མཉམ་སྤྱོད།
Loading...