དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་ས་ཆ9ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མཚན་བཟང་ཐོབ།

2025-04-25 15:44:37   |   336

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རུ་འཁྱུར་ལས་དོན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་ཐོའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང9བདམས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)8ལ་ཁྱབ་ཡོད་པ་རེད། ད་ལྟའི་བར་དུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(རྫོང)20ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མཚན་བཟང་ཐོབ།

ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་ཐོའི་ནང་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་དང་། གཏེར་ལེན་ཁ་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་གྲོང་ཁྱེར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་གྲོང་ཁྱེར་བཅས་ཚུད་ཡོད། ད་ཐེངས་རང་ཞིང་གི་མཚན་བཟང་ཐོབ་པའི་གྲངས་འབོར་སྐབས་གོང་མ་ལས2མང་དུ་ཕྱིན་ཡོད་དེ། དེའི་ནང་ན་གོར་མོ་གྲོང་ཁྱེར་ནི་ཐེངས་བཅུ་པ་ཐོབ་པ་ཡིན། ཟི་ལིང་གྲོང་ཁྱེར་ནི“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)”ཞེས་པའི་མཚན་བཟང་ཐེངས་དགུ་པ་ཐོབ་པ་ཡིན། རྨ་ཆེན་རྫོང་དང་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་ཐེངས་དང་པོ་མིང་ཐོའི་ནང་ཚུད། དེས་ཞིང་ཆེན་གྱི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བའི་རྣམ་པ་བཟང་པོ་གང་ལེགས་མངོན་ཡོད་པ་རེད།

རྒྱལ་ཡོངས་སུ་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གཏོད་པའི་བྱེད་སྒོ་སྤེལ་པ་ནས་བཟུང་། མཚོ་སྔོན་གྱི་གཉིས་བཀུར་ལས་དོན་གྱིས་དམག་དཔུང་བཅའ་སྡོད་བྱ་ཡུལ་མང་བ་དང་ཁྱབ་རྒྱ་ཆེ་བ། མི་རིགས་མང་པོ་འདུས་སྡོད་བྱེད་པ་སོགས་ཀྱི་ཞིང་ཆེན་གནས་ཚུལ་དངོས་ལ་གཞི་ཚུགས་ཏེ། མི་རིགས་མཐུན་སྒྲིལ་དང་དམག་སྲིད་དམག་དམངས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། དུས་རབས་ཀྱི་ཁྱད་ཆོས་དང་ས་མཐོའི་ཁྱད་ཆོས་ལྡན་པའི་གཉིས་བཀུར་ལས་དོན་རབ་དང་རིམ་པ་རྒྱ་ཁྱབ་ངང་སྤེལ་ནས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་ཆེད་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་འགྲོ་གྲོན་དང་། འགྲིམ་འགྲུལ། སློབ་ཡོན་མི་དགོས་པར་སྔོན་ལ་འཇོག་པའི་སྲིད་ཇུས། དཔྱ་ཁྲལ་ཆག་འཕྲི། དམག་མིའི་ནང་མི་བཀོད་སྒྲིག དམག་མིའི་བུ་ཕྲུག་བུ་བཅོལ་ཁང་དང་སློབ་གྲྭར་ཞུགས་པ་སོགས་ཕྱོགས་མང་པོའི་ཐད་དམག་བཀུར་ཁྱིམ་སྐྱོང་གི་ཞབས་ཞུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། གཉིས་བཀུར་དྲིལ་བསྒྲགས་སློབ་གསོའི“སྐྱོད་པ་དྲུག”བྱེད་སྒོར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་སུ་ཞིང་ཆེན་རིམ་པའི་རྒྱལ་སྲུང་སློབ་གསོའི་རྟེན་གཞི13མིང་བཏགས་པ་དང་། གྲོང་ཁྱེར(ཁུལ)8ཚང་མར་རྒྱལ་སྲུང་སློབ་གསོའི་མགོ་ཁྲིད་ལས་ཁུངས་བཙུགས་པ། ལོ་ཆུང་བྱིས་པའི་དམག་དཔོན་སློབ་གྲྭ5བཙུགས་པ། སློབ་གྲྭ་འབྲིང་ཆུང90%ཡན་ལ་རྒྱལ་སྲུང་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་པ། ལོ་རེར་ཆེད་ལས་སློབ་གྲྭ་ཆེ་འབྲིང་དང་སློབ་འབྲིང་སློབ་མ་ཁྲི20ཙམ་གྱིས་རྒྱལ་སྲུང་སློབ་གསོ་དང་དམག་དོན་སྦྱོང་བརྡར་དང་ལེན་བྱས་པས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཁྱབ་ཚད95%ཡན་ཟིན་ཡོད། མཚོ་སྔོན་གྱི་བཅའ་སྡོད་དཔུང་སྡེས་དམག་དོན་ལས་འགན་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག་མཚོ་སྔོན་བརྟན་ལྷིང་དང་དམངས་འཚོར་ཕན་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་ཏན་ཏིག་བསྒྲུབས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས། ས་གནས་བྱ་གཞག་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བཅའ་སྡོད་བྱ་ཡུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུས་ཡོད།


མཉམ་སྤྱོད།