དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་གཙོ་གནད་ལས་དོན་གྱི་མིང་ཚིག་འགྲེལ་བཤད།

2025-04-27 10:53:38   |   533

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


五个海北 མཚོ་བྱང་ལྔ། 

草原.jpg

微信图片_20250427133107~1.jpg

以绿色生态为根本,努力打造山川秀美、质量更高的美丽海北。

ལྗང་མདོག་སྐྱེ་ཁམས་གཞི་རྩར་བཟུང་ནས་རི་ཀླུང་ལྟ་ན་སྡུག་ཅིང་སྤུས་ཚད་སྔར་བས་མཐོ་བའི་མཛེས་སྡུག་མཚོ་བྱང་ཧུར་ཐག་གིས་གསར་འཛུགས་བྱེད་པ། 

油菜123.jpg

以金色产业为驱动,努力打造深度融合、动力更足的富裕海北。

གསེར་མདོག་ཐོན་ལས(ཞིང་ཕྱུགས་ཐོན་ལས་དང་གནས་སྐོར་ཐོན་ལས། ནུས་རྒྱུ་གཙང་མའི་ཐོན་ལས)སྒུལ་ཤུགས་སུ་བཟུང་ནས་ཧུར་ཐག་གིས་མཉམ་འདྲེས་ཆེན་པོ་དང་སྐྱེས་སྟོབས་རྫོགས་པའི་འབྱོར་ཕྱུག་མཚོ་བྱང་གསར་འཛུགས་བྱེད་པ། 

原子城纪念馆2.jpg

以红色文化为引领,努力打造共建共享、凝心聚力的文明海北。

གསར་བརྗེའི(དམར་མདོག)རིག་གནས་སྣེ་ཁྲིད་དུ་བཟུང་ནས་མཉམ་སྐྲུན་མཉམ་སྤྱོད་དང་སེམས་ཤུགས་གཅིག་སྒྲིལ་གྱི་དཔལ་ཡོན་མཚོ་བྱང་ཧུར་ཐག་གིས་གསར་འཛུགས་བྱེད་པ། 

祁连山.jpg

以银色和谐为载体,努力打造团结向上、社会稳定的和谐海北。

དངུལ་མདོག་འཆམ་མཐུན་དེ་བརྗོད་གཞི་རུ་བཟུང་ནས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་བརྟན་འཇགས་ཀྱི་འཆམ་མཐུན་སྤྱི་ཚོགས་ཧུར་ཐག་གིས་གསར་འཛུགས་བྱེད་པ། 

微信图片_20250427133147.jpg

以蓝色服务为底色,努力打造宜居宜业、人民满意的幸福海北。

མཐིང་མདོག་ཞབས་ཞུ་དེ་གཞི་མ་བྱས་ནས་ལས་སྡོད་གཉིས་མཚམ་དང་མི་དམངས་ཡིད་ཚིམ་པའི་མཛེས་སྡུག་མཚོ་བྱང་ཧུར་ཐག་གིས་གསར་འཛུགས་བྱེད་པ།

梦幻海北 五彩福地 དག་སྣང་མཚོ་བྱང་། མདོག་ལྔའི་གཡང་ས། 

仙米林场.jpg

绿色海北:海北是中国西部重要的生态安全屏障,森林覆盖率达17.75%,草原植被盖度达69.71%,祁连山、青海湖“双国家公园”面积占全州自然保护地总面积的80%。

ལྗང་མདོག་མཚོ་བྱང་། མཚོ་བྱང་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་ཀྱི་སྒྲིབ་དངོས་ཡིན་ལ། ནགས་ཚལ་གྱི་ཁེབས་ཚད17.75%དང་རྩྭ་ཐང་གི་སྔོ་ཁེབས་ཚད69.71%ཡིན། མདོ་ལ་རིང་མོ་དང་མཚོ་སྔོན་པོ་རྒྱབ་ཁབ་སྤྱི་གླིང་གཉིས་ཀྱིས་ཁུལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི80%ཟིན་ཡོད།

岗什卡.png

金色海北:全州农牧、旅游、清洁能源等资源丰富,拥有2个国家5A级、6个4A级景区,是全省最大的高原藏羊、青稞、冷水鱼、油菜供种基地。近年来,海北积极推进工业转型升级,打造了10个产业园区,全州能源装机突破200万千瓦。

གསེར་མདོག་མཚོ་བྱང་། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་དང་གནས་སྐོར་ལས་རིགས། ནུས་རྒྱུ་གཙང་མ་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན། ཁུལ་ཡོངས་སུ་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ2དང་རྒྱལ་ཁབ་ཀྱི4Aརིམ་པའི་མཛེས་ལྗོངས་ཁུལ6ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཆེས་ཆེ་བའི་ས་མཐོ་བོད་ལུག་དང་ནས། ཆུ་གྲང་ཉ། ལོག་དཀར་འདེབས་འཛུགས་དང་མཁོ་སྤྲོད་ཀྱི་གནས་གཞི་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་གིས་བཟོ་ལས་ཀྱི་གཞན་སྒྱུར་རིམ་སྤོ་ལ་སྐུལ་འདེད་བཏང་ནས་ཐོན་ལས་གླིང་ཁུལ10གསར་འཛུགས་བྱས་པ་དང་། ཁུལ་ཡོངས་ཀྱི་ནུས་ཁུངས་སྒྲིག་སྦྱོར་བྱས་ཚད་ཆན་ཝ་ཁྲི200ཡིན། 

八一冰川.jpg

银色海北:海北四面环山,祁连山常年积雪形成的冰川地貌奇丽壮观,海拔4500米以上的冰川面积约81平方公里。近年来,海北依托祁连山・岗什卡雪峰成功打造“人生第一座雪山”旅游品牌,冰雪“冷资源”正加速释放经济“热效应”。

དངུལ་མདོག་མཚོ་བྱང་། མཚོ་བྱང་གི་ཕྱོགས་བཞིར་རི་བོས་སྐོར་ཡོད་ཅིང་། མདོ་ལ་རིང་མོའི་གངས་འཁྱག་གི་ས་བབ་བརྗིད་ཆགས་ལྟ་ན་སྡུག མཚོ་འཕགས་སྨི4500ཡན་གྱི་གངས་འཁྱག་གི་རྒྱ་ཁྱོན་ཧ་ལམ་ཁ་སྟོང་སྨི81ཡིན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་གིས་མདོ་ལ་རིང་མོ་དང་མེ་ལྷ་གངས་དཀར་གྱི་མི་ཚེ་ཡི་གངས་རི་ཐོག་མ་ཞེས་པའི་རྫས་རྟགས་རྒྱལ་ཁའི་ངང་གསར་བཟོ་བྱས་པ་དང་། གངས་འཁྱག་དཔལ་འབྱོར་ཚ་ཚ་འུར་འུར་གྱིས་འཕེལ་རྒྱས་འགྲོ་བཞིན་ཡོད། 

R-C.jpg

微信图片_20250427133145.jpg

蓝色海北:海北因地处青海湖北岸而得名,占据青海湖47%的水域面积、53%的湖岸线,入湖水量的85%源于海北。凭借独特地理优势,在青海湖北岸建成6个生态体验点,打造了“集红色教育、生态研学、观光旅游”为一体的同宝山景区,生态旅游前景广阔。

མཐིང་མདོག་མཚོ་བྱང་། མཚོ་བྱང་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན་ལ། མཚོ་སྔོན་པོའི་མཚོ་ཁོངས་རྒྱ་ཁྱོན་གྱི47%དང་མཚོ་འགྲམ་མཐའ་འཁོར་གྱི53%མཚོ་བྱང་གི་ཁོངས་སུ་ཡོད་པ་དང་། མཚོ་ནང་དུ་བཞུར་བའི་ཆུ་བོའི་བཞུར་ཚད་ཀྱི85%མཚོ་བྱང་གི་ས་ཁོངས་ནས་འབབ་གྱིན་ཡོད།  ཐུན་མོང་མ་ཡིན་པའི་ས་བབ་གྱི་དགེ་མཚན་ལ་བརྟེན་ནས་མཚོ་སྔོན་པོའི་བྱང་འགྲམ་དུ་སྐྱེ་ཁམས་ཉམས་ལེན་ཁང6གསར་སྐྲུན་བྱས་ཤིང་། གསར་བརྗེ་དང་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་། གནས་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་མཐོན་པོ་སྒང་མཛེས་ལྗོངས་ཁུལ་གསར་ཏུ་བཙུགས་པས། སྐྱེ་ཁམས་གནས་སྐོར་གྱི་མདུན་ལྗོངས་ཡངས་ཤིང་ཆེ།

同宝山.jpg

红色海北:海北红色资源丰富,红西路军曾在这里浴血奋战,是新中国第一个核武器研制基地,孕育了伟大“两弹一星”精神。海北全力打造“两弹一星”红色教育品牌,原子城纪念馆被评为全国首批科学家精神教育基地,221基地入选国家“工业遗产保护利用典型案例”榜单,去年承接省内外培训班900余期、18.36 万人次接受红色教育。

དམར་མདོག་མཚོ་བྱང་། མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དམར་དམག་ནུབ་ལམ་དམག་དཔུང་གིས་གནས་འདི་རུ་དཔའ་མཛངས་ཆེན་པོའི་འཐབ་འཛིང་བྱས་མྱོང་ལ། གནས་འདི་ནི་ཀྲུང་གོའི་ཐོག་དང་པོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་ཡིན་པས་རླབས་ཆེ་བའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་འཁྲུངས་ཡུལ་ཡིན། མཚོ་བྱང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་མདེལ་གཉིས་སྐར་གཅིག་གི་གསར་བརྗེ་སློབ་གསོའི་རྫས་རྟགས་བཏོད་ནས་མ་རྡུལ་མཁར་རྗེས་དྲན་ཁང་དེ་རྒྱལ་ཡོངས་ཀྱི་སྐོར་ཁག་ཐོག་མའི་ཚན་རིག་པའི་སྙིང་སྟོབས་ཀྱི་སློབ་གསོ་རྟེན་གཞིར་དཔྱད་འདེམས་བྱས་པ་དང་། 221རྟེན་གཞི་དེ་རྒྱལ་ཁབ་ཀྱི་བཟོ་ལས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ཀྱི་དཔེ་མཚོན་གྱི་མིང་ཐོ་རུ་བདམ་ཐོན་བྱུང་ཡོད། ན་ནིང་། ཞིང་ཆེན་ཕྱི་ནང་གི་གསོ་སྦྱོང་འཛིན་གྲྭ་ཐེངས900ལྷག་སྤེལ་བ་དང་། མི་ཐེངས་ཁྲི18.36གིས་གསར་བརྗེའི་སློབ་གསོ་དང་ལེན་བྱས་ཡོད། 

三个走在全省前列 ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ།

微信图片_20250427133150.jpg

在打造绿色有机农畜产品输出地、国际生态旅游目的地和促进民族团结进步三个方面走在全省前列。

མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་གཞག་བཅས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་བ་དེ་ཡིན། 

“243”发展布局 “243”འཕེལ་རྒྱས་བཀོད་པ། 

打造全省生态文明高地、践行新青海精神高地;做优高原生态农牧业、打造绿色有机农畜产品输出引领区,做强特色文旅产业、打造生态旅游发展示范区,做大清洁能源产业、打造清洁能源生产利用推进区,做精特色现代服务业、打造地域特色鲜明的现代服务业发展区;力争民族团结进步、精神文明建设、社会治理走在涉藏地区前列。

“2”ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་མཚོ་སྔོན་གསར་པའི་སྙིང་སྟོབས་ལག་ལེན་གྱི་མཐོ་ས་སྐྲུན་པ་ཡིན།“4”ནི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་དང་། སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་དཔེ་སྟོན་ཁུལ། ནུས་རྒྱུ་གཙང་མ་ཐོན་སྐྱེད་བེད་སྤྱོད་སྐུལ་འདེད་ཁུལ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་བཅས་ཡིན། “3”ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་ལས་དོན་བཅས་བོད་འབྲེལ་ས་ཁུལ་གྱི་མདུན་གྲལ་དུ་བསྐྱོད་པ་གསུམ་ཡིན། 

生态农牧业“九个一”配套工程སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གཞི། 

按照一年建基初运行、两年改造全提升、三年达标全投产的建设思路,各县至少建立一家饲料厂,一个活畜交易市场,一个屠宰场,一个冷库冷链厂,一个有机肥厂,一个青稞油菜肉酱加工厂,一个牦牛、藏羊、青稞、油菜、林草良种繁育和供种基地,一个牛羊头骨皮毛绒角利用加工厂,一处万千头只牦牛藏羊标准化集中养殖基地。

ལོ་དང་པོའི་ནང་རྨང་གཞི་བཙུགས་ནས་ཐོག་མར་འཁོར་སྐྱོད་བྱེད་པ་དང་། ལོ་གཉིས་པའི་ནང་བསྒྱུར་བཀོད་བྱས་ནས་ཡོངས་སུ་མཐོར་འདེགས་གཏོང་བ། ལོ་གསུམ་པའི་ནང་ཚད་གཞི་རུ་སླེབས་ནས་ཡོངས་སུ་ཐོན་སྐྱེད་བྱེད་མགོ་འཛུགས་པའི་འཛུགས་སྐྲུན་གྱི་རིག་ལམ་ལྟར། རྫོང་རེ་རེས་ཉུང་མཐར་ཡང་ནོར་ལུག་མགོ་གྲངས་ཁྲི་སྟོང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་གཅིག་དང་། གཟན་ཆས་བཟོ་གྲྭ་གཅིག ཕྱུགས་རིགས་ཉོ་ཚོང་ཚོང་ར་གཅིག བཤས་ར་གཅིག  འཁྱག་མཛོད་འཁྱག་སྦྲེལ་གྱི་བཟོ་གྲྭ་གཅིག  སྐྱེ་ལྡན་ལུད་ལས་སྣོན་བཟོ་གྲྭ་གཅིག  ནས་དང་ལོག་དཀར། ཤ་ཅང་ལས་སྣོན་བཟོ་གྲྭ་གཅིག ནོར་ནག་དང་བོད་ལུག ནས། ལོག་དཀར། ནགས་རྩྭ་སོན་བཟང་རྒྱུད་སྤེལ་དང་མཁོ་སྤྲོད་རྟེན་གཞི་གཅིག སྐམས་ལུག་མགོ་དང་རུས་པ། ཀོ་པགས། བལ་རྩིད་བེད་སྤྱོད་ལས་སྣོན་བཟོ་གྲྭ་གཅིག མགོ་གྲངས་ཁྲི་སྟོང་ཡོད་པའི་ནོར་ནག་དང་བོད་ལུག་གི་ཚད་ལྡན་ཅན་གྱི་གཅིག་སྡུད་གསོ་སྤེལ་རྟེན་གཞི་གཅིག་བཅས་འཛུགས་རྒྱུ་དེ་ཡིན། 

 “5+8+N”农牧产业体系 “5+8+N”ཡི་ཞིང་ཕྱུགས་ཐོན་ལས་མ་ལག  

微信图片_20250427114332.jpg

藏羊、牦牛、青稞、油菜、饲草五大主导产业;肉牛、肉羊、蜂蜜、黄菇、冷水鱼、香菇、蕨麻、蔬菜等八大特色产业;中藏药材、藏香猪、草原生态鸡等多个产业。

བོད་ལུག་དང་ནོར་ནག ནས། ལོག་དཀར། གཟན་རྩྭ་བཅས་གཙོ་ཁྲིད་ཐོན་ལས་ལྔ་དང་། སྐམས་ཤ་དང་ལུག་ཤ། སྦྲང་རྩི། ཤ་མོ་སེར་པོ། ཆུ་གྲང་ཉ། དྲི་ཞིམ་ཤ་མོ། གྲོ་མ། སྔོ་ཚལ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་བརྒྱད། ཀྲུང་བོད་སྨན་རྫས་དང་རྩྭ་ཕག རྩྭ་ཐང་སྐྱེ་ཁམས་བྱ་ཕོ་སོགས་ཐོན་ལས་མང་པོ་ཞིག་ཡིན། 

 “123”A级旅游景区创建工程 “123”Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་ལས་གཞི།

籼米玩.jpg

到“十四五”末,刚察、门源力争1处景区列入全省5A级旅游景区创建名录,各县分别再打造2处4A级和3处3A级旅游景区。

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མཇུག་ཏུ་སླེབས་སྐབས། རྐང་ཚ་དང་འཇུ་ལག་གིས་གནས་སྐོར་ལྗོངས་ཁུལ1ཞིང་ཆེན་ཡོངས་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་འཛུགས་ཀྱི་མིང་ཐོའི་ནང་འཇུག་པར་བརྩོན་ལེན་བྱ་རྒྱུ་དང་། རྫོང་ཁག་གིས་སོ་སོར4Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ2དང3Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ3གསར་འཛུགས་བྱེད་དགོས་པ་དེ་ཡིན། 

两园一地 སྤྱི་གླིང་གཉིས་དང་མཐོ་ས་གཅིག 

学院.jpg

“两园”即祁连山国家公园、青海湖国家公园;“一地”是两弹一星理想信念精神高地。

མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་། མདེལ་གཉིས་སྐར་གཅིག་གི་ཕུགས་བསམ་སྙིང་སྟོབས་ཀྱི་མཐོ་སར་ཟེར།

乡镇“十有”工程  ཡུལ་ཚོ་དང་གྲོང་རྡལ་གྱི་ཡོད་པ་བཅུའི་ལས་གཞི།

全州各乡镇有党校开展教育培训、有便民服务中心方便群众办事、有图书和电子阅览室学习、有单间宿舍解决住宿、有食堂和蔬菜大棚解决三餐、有视频会议室和微信公众号方便办公交流、有健身场所和篮球场开展活动、有卫生厕所和小澡堂方便生活、有交通工具方便开展工作、有乡史村史馆传承文化。

ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁག་ལ་ཏང་གི་སློབ་གྲྭ་ཡོད་པ་དང་སློབ་གསོ་གསོ་སྦྱོང་སྤེལ་བ། དམངས་ཕན་ཞབས་ཞུ་ལྟེ་གནས་ཡོད་པ་དང་མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་སྟབས་བདེ་བཟོ་བ། དཔེ་ཆ་དང་གློག་རྡུལ་དཔེ་ཁང་ཡོད་པ། ཞག་སྡོད་ཁང་བ་ཡོད་པ། ཟ་ཁང་དང་སྔོ་ཚལ་དྲོད་ཁང་ཡོད་ཅིང་ཇ་ཐུན་གསུམ་པོའི་གནད་དོན་ཐག་གཅོད་བྱེད་པ། བརྙན་ཟློས་གྲོས་ཚོགས་ཁང་དང་སྐད་འཕྲིན་སྤྱི་སྟེགས་ཡོད་པ་དང་མང་ཚོགས་ཀྱིས་གཞུང་དོན་སྒྲུབ་པར་སྟབས་བདེ་བཟོ་བ། ལུས་པོ་སྦྱོང་བརྡར་ཁང་དང་སྒང་ལི་རྩེད་ས་ཡོང་ཅིང་བྱེད་སྒོ་སྤེལ་བ།  འཕྲོད་བསྟེན་སྤྱོད་ཁང་དང་ཁྲུས་ཁང་ཡོད་པ་དང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བཟོ་བ། འགྲིལ་འགྲུལ་ཡོ་བྱད་ཡོད་པ་དང་ལས་དོན་སྒྲུབ་པར་སྟབས་བདེ་ཡོད་པ། ཡུལ་ཚོའི་ལོ་རྒྱུས་ཁང་ཡོད་པ་དང་རིག་གནས་རྒྱུད་འཛིན་བྱེད་པ་བཅས་ཡིན།

村(社区)“十有”工程 གྲོང་ཚོའི(སྡེ་ཁུལ)“ཡོད་པ་བཅུའི”ལས་གཞི།

有综合服务中心(党群服务中心)方便党员群众办事,有新时代文明实践站暨村史陈列室践行新时代新风尚,有“两代表一委员”工作室了解群众需求,有村(社区)综治中心解决矛盾纠纷,有村级卫生室方便就医,有幸福食堂解决老人和留守儿童就餐,有单间宿舍解决驻村干部住宿,有爱心超市(快递代收点)方便生活,有体育场开展文体活动,有卫生厕所方便群众。

གྲོང་ཚོར་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས(ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས)ཡོད་པ་དང་། ཏང་ཡོན་དང་མང་ཚོགས་ཀྱིས་ལས་ཀ་སྒྲུབ་པར་སྟབས་བདེ་བཟོ་བ།  དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་གྲོང་ཚོའི་ལོ་རྒྱུས་བཤམས་སྟོན་ཁང་ཡོད་པ་དང་། དུས་རབས་གསར་པའི་དར་སྲོལ་གསར་པ་ལག་ལེན་བསྟར་བ། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ལས་དོན་ཁང་ཡོད་པ་དང་། མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་པ། གྲོང་ཚོའི(སྡེ་ཁུལ)ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཡོད་པ་དང་། འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པ། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་ཡོད་པ་དང་། སྨན་བཅོས་བྱེད་བདེ་བ། བདེ་སྐྱིད་ཟ་ཁང་ཡོད་པ་དང་། རྒན་རྒོན་དང་གཞིས་ལུས་བྱིས་པའི་ཟ་འཐུང་གི་གནད་དོན་ཐག་གཅོད་བྱེད་པ། ཁེར་ཤག་སྡོད་ཁང་ཡོད་པ་དང་། གྲོང་ཚོར་སྡོད་པའི་ལས་བྱེད་པའི་མལ་ཁང་ཐག་གཅོད་བྱེད་པ། གཅེས་སེམས་ཚོང་ཁྲོམ་ཡོད་པ་དང་(མྱུར་སྐྱེལ་དངོས་ཟོག་ཚབ་བསྡུ་ཁང་)། མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བཟོ་བ། ལུས་རྩལ་ར་བ་ཡོད་པ་དང་། རིག་རྩལ་གྱི་བྱེད་སྒོ་སྤེལ་བ། འཕྲོད་བསྟེན་གསང་སྤྱོད་ཁང་ཡོད་པ་དང་། མང་ཚོགས་ལ་སྟབས་བདེ་བཟོ་བ།

“1+10”联系基层服务群众机制 “1+10”ཡི་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་ཞུའི་རྐྱེན་སྲོལ། 

“1”即1名州级领导干部包联1个乡镇,“10”即重点围绕基层党建、党风廉政建设、基层治理、精神文明、民族团结、经济发展、生态保护、乡村振兴、深化改革、安全生产等10个方面的内容联系指导工作。

ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པ1གིས་ཡུལ་ཚོ་དང་གྲོང་རྡལ1ལ་འགན་གཙང་ལེན་བྱེད་པ་དང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། གཞི་རིམ་བཅོས་སྐྱོང་། བསམ་པའི་དཔལ་ཡོན། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་བཅས་ཕྱོགས10ཐད་ཀྱི་ནང་དོན་ལ་དམིགས་ནས་ལས་དོན་ལ་མཛུབ་སྟོན་བྱེད་པ།

 “4+1+N”包联推动乡村振兴工作机制 4+1+Nགྱི་འགན་གཙང་ལེན་སྒོས་གྲོང་གསེབ་དར་སྤེལ་ལས་དོན་ལ་སྐུལ་འདེད་བྱེད་པའི་རྐྱེན་སྲོལ། 

州级四大领导班子各包联1个县,1名州级领导干部包联1个乡镇,每个州级部门分别结对包联1个村。

ཁུལ་གྱི་ཚན་ཁག་ཆེན་པོ་བཞིས་སོ་སོར་རྫོང་བཞིར་ཁ་གཏད་འགན་གཙང་ལེན་བྱེད་པ་དང་། ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་རེ་རེས་ཡུལ་ཚོ་དང་གྲོང་རྡལ1ལ་འགན་གཙང་ལེན་བྱེད་པ། ཁུལ་རིམ་པའི་སྡེ་ཁག་རེ་རེས་སོ་སོར་སྡེ་བ1རེར་འགན་གཙང་ལེན་བྱེད་པ་དེ་ཡིན། 

 “四大品牌”赛事 “སྤུས་རྟགས་ཆེན་པོ་བཞི”ཡི་འགྲན་བསྡུར།

环湖赛.jpg

射箭.jpg

射箭比赛.jpeg

自行车、赛马、射箭、徒步四大品牌赛事。

ལྕགས་རྟ་འགྲན་བསྡུར་དང་།  རྟ་རྒྱུག་འགྲན་བསྡུར། མདའ་འཕེན་འགྲན་བསྡུར། རྐང་ཐང་འགྲན་བསྡུར་བཅས་སྤུས་རྟགས་འགྲན་བསྡུར་ཆེ་གྲས་བཞི།

三地百柜 ས་གནས་གསུམ་དང་ཚོང་སྒྲོམ་བརྒྱ། 

海北绿色有机农畜产品优品库的生产经营主体,获得使用“祁连山下好牧场”农畜产品区域公用品牌授权后,在京津冀鲁、长三角、珠三角等地区的大中型城市,新建海北绿色有机农畜产品的展销店、体验店、专营店、连锁店、专柜等营销点。

མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་མཛོད་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་ལ“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་སྤྱོད་པའི་དབང་ཆ་ཐོབ་རྗེས། པེ་ཅིང་དང་ཧོ་པེ། ཐེན་ཅིན། ཧྲན་ཏུང་བཅས་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་ཟུར་གསུམ་གླིང་སོགས་ས་ཁུལ་གྱི་གྲོང་ཁྱེར་ཆེ་འབྲིང་དུ་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་ཁང་དང་། ཉམས་ལེན་ཁང་། ཆེད་གཉེར་ཚོང་ཁང་། རྒྱུད་འབྲེལ་ཚོང་ཁང་། ཆེད་གཉེར་སྒྲོམ་སྟེགས་སོགས་ཚོང་གཉེར་ས་ཚིགས་གསར་དུ་བསྐྲུན་པ་དེ་ཡིན། 

“一核四联七径多点”红色研学体系 “སྲོག་ཤིང་གཅིག་དང་མཉམ་འགུལ་བཞི། ཐབས་ལམ་བདུན། ས་གནས་མང་པོའི་སློབ་ཁྲིད་བྱེད་གནས”བཅས་ཀྱི་གསར་བརྗེའི་ཞིབ་སློབ་མ་ལག 

时代楷模馆.jpg

以传承弘扬“两弹一星”精神、红西路军精神、时代楷模精神、老高原精神为核心,以建立四县红色研学旅游联动机制为抓手,以开展大思政课教育、科学家精神教育、爱国主义教育、理想信念教育、国防教育、主题教育和红色研学旅游为路径,以州县红色研学教学点为支撑的“一核四联七径多点”的红色研学体系。

“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། དམར་དམག་ནུབ་ལམ་དམག་དཔུང་གི་སྙིང་སྟོབས། དུས་རབས་ཀྱི་མིག་དཔེའི་སྙིང་སྟོབས། ས་མཐོའི་གསར་བརྗེའི་རྒན་རབས་པའི་སྙིང་སྟོབས་བཅས་སྲོག་ཤིང་དུ་བྱེད་པ། རྫོང་བཞིའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གནས་སྐོར་གྱི་མཉམ་འགུལ་ལམ་སྲོལ་འཛུགས་པ་དེ་འཛིན་ཐག་ཏུ་བྱེད་པ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་གསོ་དང་། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་སློབ་གསོ། རྒྱལ་གཅེས་རིང་ལུགས་སློབ་གསོ། ཕུགས་བསམ་སློབ་གསོ། རྒྱལ་སྲུང་སློབ་གསོ། བརྗོད་དོན་སློབ་གསོ། གསར་བརྗེའི་ཞིབ་སློབ་གནས་སྐོར་བཅས་ཐབས་ལམ་དུ་བྱེད་པ། ཁུལ་དང་རྗོང་གི་གསར་བརྗེའི་ཞིབ་སློབ་སློབ་ཁྲིད་བྱེད་གནས་བཅས་འདེགས་སྐྱོར་ཡིན་པའི་ཞིབ་འཇུག་སློབ་སྦྱོང་གི་མ་ལག་ཡིན།

 “六小”工作法 “ཆུང་ངུ”དྲུག་གི་ཐག་གཅོད་བྱེད་ཐབས།

将矛盾化解“前置”,排除小隐患、调解小纠纷、改善小环境、解决小问题、办理小案件、满足小需求,一站式受理群众的信访诉求、法律咨询、矛盾调解,有效避免小纠纷小矛盾拖成大问题大隐患,全力保障社会环境和谐稳定,不断延伸多元共治触角。

འགལ་བ་ཐག་གཅོད་བྱེད་རྒྱུ་དང་དུ་བླངས་ནས་བྱུར་རྐྱེན་ཆུང་ངུ་མེད་པར་བཟོ་བ་དང་། རྩོད་གཞི་ཆུང་ངུ་འདུམ་སྒྲིག་བྱེད་ པ། ཁོར་ཡུག་ཆུང་ངུ་ལེགས་བཅོས་བྱེད་པ། གནད་དོན་ཆུང་ཆུང་ཐག་གཅོད་བྱེད་པ། གྱོད་གཞི་ཆུང་ངུ་ཐག་གཅོད་བྱེད་པ། དགོས་མཁོ་ཆུང་ངུ་སྐོང་བ”དང་། མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་དང་ཁྲིམས་ལུགས་བློ་འདྲི། འགལ་བ་འདུམ་སྒྲིག་བཅས་གནས་ཡུལ་གཅིག་ནས་བདག་སྤྲོད་བྱས་ཏེ། རྩོད་གཞི་དང་འགལ་བ་ཆུང་ཆུང་ནར་འགྱངས་སྒོས་གནད་དོན་ཆེན་པོ་དང་བྱུར་རྐྱེན་ཆེན་པོར་འགྱུར་བ་སྔོན་འགོག་བྱེད་པའི་དང་། སྟོབས་ཤུགས་ཡོད་ཚད་ཀྱིས་སྤྱི་ཚོགས་བརྟན་བརླིང་ལ་འགན་སྲུང་བྱེད་པ་དང་། མུ་མཐུད་དུ་ཕྱོགས་མང་པོའི་མཉམ་བཅོས་ཀྱི་ཐབས་ལམ་རྒྱང་བསྲིངས་བྱེད་དགོས། 

 “千岗万哨”基层治理工作法  ལས་གནས་སྟོང་དང་སོ་ཁ་ཁྲི་ཡི་གཞི་རིམ་བཅོས་སྐྱོང་་གི་བྱ་བའི་བྱེད་ཐབས། 

建立全方位“接哨”、高精准“分哨”、聚力量“办哨”、严实快“督哨”、保质效“评哨”模式的基层治理体系,变“群众上访”为“干部下访”“被动接访”为“主动约访”“固定接访”为“巡回接访”,推动矛盾纠纷联调、社会治安联防、突出问题联治、平安建设联建、民情闭环联解、生态保护联管,实现基层治理体系和治理能力现代化水平显著提高,群众获得感、幸福感、安全感显著增强。

ཕྱོགས་ཡོངས་ནས“དང་ལེན”དང་། གནད་ལ་འཁེལ་བའི་ངང“དབྱེ་འབྱེད”བྱེད་པ། སྟོབས་ཤུགས་གཅིག་སྡུད་ཀྱིས“སྒྲུབ་པ” ནན་པོ་དང་མགྱོགས་མྱུར། ཏན་ཏིག་གིས“ལྟ་སྐུལ”བྱེད་པ། སྤུས་ཚད་དང་ཕན་ནུས་འགན་ལེན་བྱས་ནས“གདེང་འཇོག”བཅས་བྱེད་པའི་ཐབས་ལམ་གྱིས་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་པ་དང་།  མང་ཚོགས་ཀྱི་ཞུ་གཏུག་དེ་ལས་བྱེད་པ་གཞི་རིམ་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་པར་བསྒྱུར་བ། གཞན་དབང་གིས་ཞུ་གཏུག་དང་ལེན་བྱེད་པ་དེ་རང་འགུལ་ངང་ཞུ་གཏུག་ཐག་གཅོད་བྱེད་པར་བསྒྱུར་བ། གཏན་འཇགས་ཀྱི་ཞུ་གཏུག་དང་ལེན་དེ་སྐོར་སྐྱོད་ངང་ཞུ་གཏུག་དང་ལེན་བྱེད་པར་བསྒྱུར་ཏེ། འགལ་བ་དང་རྩོད་གཞི་མཉམ་འབྲེལ་འདུམ་སྒྲིག་དང་། སྤྱི་ཚོགས་བདེ་འཇགས་མཉམ་འབྲེལ་འགོག་བཅོས། མངོན་གསལ་དོད་པའི་གནད་དོན་མཉམ་འབྲེལ་བཅོས་སྐྱོང་། བདེ་འཇགས་འཛུགས་སྐྲུན་མཉམ་སྐྲུན། དམངས་ཀྱི་གནས་ཚུལ་མཉམ་འབྲེལ་ཐག་གཅོད། སྐྱེ་ཁམས་སྲུང་སྐྱོང་མཉམ་འབྲེལ་དོ་དམ་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་མཐོར་འདེགས་ཡོང་བ་མངོན་འགྱུར་དང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མངོན་གསལ་སྒོས་ཇེ་མཐོར་གཏོང་དགོས།

 “五员合一”改革 “མི་སྣ་ལྔའི་གཅིག་སྒྲིལ”སྒྱུར་བཅོས།

即河湖管护员、生态管护员、林业管护员、草原管护员、卫生保洁员整合为一支综合性的生态保护队伍,进行统一管理、统一调配和统一培训。

གཙང་པོ་དང་མཚེའུ་ཡི་བདག་སྐྱོང་པ་དང་། སྐྱེ་ཁམས་བདག་སྐྱོང་པ། ནགས་ལས་བདག་སྐྱོང་པ། རྩྭ་ཐང་བདག་སྐྱོང་པ། འཕྲོད་བསྟེན་གཙང་སྦྲ་པ་བཅས་ཕྱོགས་བསྡུས་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོང་དཔུང་ཁག་ཅིག་ཏུ་བསྡུ་སྒྲིལ་བྱས་ནས་གཅིག་གྱུར་དོ་དམ་དང་། གཅིག་གྱུར་བཀོད་སྒྲིག གཅིག་གྱུར་གསོ་སྦྱོང་བྱ་རྒྱུ་དེ་རེད།

海北名优产品“五进”战略 མཚོ་བྱང་གི་ཐོན་རྫས་གྲགས་ཅན“སྐྱོད་པ་ལྔའི”འཐབ་ཇུས། 

三地百柜.jpg

名优产品进超市、进综合服务体、进食堂、进央企、进援建地区。

མཚོ་བྱང་གི་ཐོན་རྫས་གྲགས་ཅན་ཟ་ཁང་དང་ཚོང་ཁྲོམ། ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི། ཀྲུང་དབྱང་ཁེ་ལས། རོགས་སྐྱོར་འཛུགས་སྐྲུན་ས་ཁུལ་བཅས་སུ་སྐྱོད་པར་སྐུལ་འདེད་གཏོང་བ། 

教育发展“1+4”政策性文件  སློབ་གསོ་འཕེལ་རྒྱས་གཏོང་རྒྱུའི“1+4”སྲིད་ཇུས་རང་བཞིན་གྱི་ཡིག་ཆ།

“1”即《关于推进教育高质量发展的实施意见》;“4”即《关于进一步加强新时代学校党的建设和思想政治工作的实施意见》《关于深化新时代教育督导体制机制改革的实施方案》《关于推动现代职业教育高质量发展实施意见》《海北州中小学教育教学质量提升三年行动计划(2023-2025)》。

“1”ནི《སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། “4”ནི《དུས་རབས་གསར་པའི་སློབ་གྲྭའི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་།《དུས་རབས་གསར་པའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》《དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《མཚོ་བྱང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞི(2023-2025)》ཡིན།

惠民利教“十项措施”དམངས་དང་སློབ་གསོར་ཕན་པའི་བྱེད་ཐབས་བཅུ།

加强党的全面领导;持续加大教育投入;做大做强职业教育;实施名师名校工程;全面优化教师队伍;提升教师专业素养; 健全完善激励机制;改革教育评价方式;保障幼教工资待遇;促进学生全面发展。

ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་ཐད་ཀྱི་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ལས་རིགས་སློབ་གསོ་སྟོབས་ཆེན་གཏོང་བ། དགེ་རྒན་གྲགས་ཅན་དང་སློབ་གྲྭ་གྲགས་ཅན་གྱི་ལས་གྲྭ་ལག་བསྟར་བྱེད་པ། དགེ་རྒན་གྱི་དཔུང་ཁག་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ། དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ། སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སློབ་གསོའི་གདེང་འཇོག་བྱེད་སྟངས་བསྒྱུར་བཅོས་བྱེད་པ། བྱིས་གཉོར་དགེ་རྒན་གྱི་གླ་ཕོགས་དང་ཐོབ་ཐང་འགན་སྲུང་བྱེད་པ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཡིན།

深化综合医改“一主六辅”政策措施 ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི“གཙོ་བོ་གཅིག་དང་གཞོགས་འདེགས་དྲུག”གི་སྲིད་ཇུས་བྱེད་ཐབས།

一主即《海北州进一步深化综合医改重点改革工作的实施意见》;六辅即《关于加强海北州医疗卫生人才队伍建设实施意见》《海北州公立医院自主聘用专业技术人员岗位薪酬管理工作方案(试行)》《海北州进一步促进中藏医药事业发展实施意见》《关于深化推进门源县紧密型医共体建设实施意见》《海北州公立医院重点专科、特色专科建设奖励办法》《海北州深化医药卫生体制改革专项资金管理暂行办法》。

གཙོ་བོ་གཅིག་ནི《མཚོ་བྱང་ཁུལ་གྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི་གཙོ་གནད་སྒྱུར་བཅོས་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》ཡིན། གཞོགས་འདེགས་དྲུག་ནི《མཚོ་བྱང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་།《མཚོ་བྱང་ཁུལ་གྱི་གཞུང་བཙུགས་སྨན་ཁང་གིས་རང་བདག་གདན་ཞུ་བྱས་པའི་ཆེད་ལས་ལག་རྩལ་མི་སྣའི་ལས་གནས་གླ་ཕོགས་དོ་དམ་ལས་དོན་ཇུས་གཞི(ཚོད་ལྟའི་ལག་བསྟར)》དང་། 《མཚོ་བྱང་ཁུལ་གྱི་ཀྲུང་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《འཇུ་ལག་རྫོང་གི་དམ་ཚགས་རང་བཞིན་གྱི་སྨན་བཅོས་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བྱེད་པའི་ཐད་ཀྱི་ལག་བསྟར་བསམ་འཆར》《མཚོ་བྱང་ཁུལ་གྱི་གཞུང་བཙུགས་སྨན་ཁང་གི་གཙོ་གནད་ཚན་ཁག་དང་ཁྱད་ལྡན་ཚན་ཁག་འཛུགས་སྐྲུན་གྱི་བྱ་དགའི་བྱེད་ཐབས》《མཚོ་བྱང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་གྱི་ཆེད་སྤྱོད་མ་དངུལ་དོ་དམ་གྱི་གནས་སྐབས་བྱེད་ཐབས》བཅས་ཡིན།


མཉམ་སྤྱོད།