དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་མཚོ་བྱང་གི“ཞིང་ལས་ལུས་རྩལ་རིག་གནས་གནས་སྐོར་ཚོང་གཉེར”བྱེད་སྒོའི་སྔོན་བརྡ་སླེབས་བྱུང་།

2025-04-27 15:58:52   |   71

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


དག་སྣང་མཚོ་བྱང་ནི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་ངོགས་དང་མདོ་ལ་རི་བོའི་ལྟེ་བར་ཆགས་པའི་ཆེས་རྨད་བྱུང་གི་ཡུལ་གྲུ་དེ་ཡིན་རྐྱེན་གནས་འདི་ན་མི་རིགས་ཀྱི་ཁྱད་ཆོས་དང་སྐྱེ་ཁམས་ཀྱི་མཛེས་པའི་ཕྱུག་པའི་ལྟད་མོ་དང་དགའ་སྟོན་གང་མང་ཡོད། ལོ་རེ་རེ་བཞིན་ཁུལ་ཐད་གཏོགས་དང་རྫོང་བཞིས་རང་རང་གི་ས་གནས་སུ་བྱ་གཟིགས་དུས་ཆེན་དང་ཉ་གཟིགས་དུས་ཆེན། མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཆེན། རྟ་རྒྱུག་འགྲན་སྡུར། རྐང་བགྲོད་འགྲན་སྡུར། ལྕགས་རྟ་འགྲན་སྡུར། མདའ་འཕེན་འགྲན་སྡུར། གངས་ཤུད་འགྲན་སྡུར། མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་ལ་གཞས་འགྲན་སྡུར། རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར། སྐོར་བྲོ་འགྲན་སྡུར། མདའ་བཞིའི་རོལ་དབྱངས་དུས་ཆེན་སོགས་ཀྱིས་མཚོན་པའི་བྱེད་སྒོ་དང་དགའ་སྟོན་གང་མང་ཞིག་ཡོད་པས་ཕྱོགས་བཞིའི་སྐུ་མགྲོན་ལྷན་རྒྱས་གནས་འདིར་ཕེབས་པར་དགའ་བ་འབུམ་གྱིས་བསུ།

ཁུལ་ཐད་གཏོགས་ཀྱི་བྱེད་སྒོའི་རེའུ་མིག

微信图片_20250427160256.jpg

འཇུ་ལག་རྫོང་གི་བྱེད་སྒོའི་རེའུ་མིག

图片2.png

མདོ་ལ་རྫོང་གི་བྱེད་སྒོའི་རེའུ་མིག

图片3.jpg

རྐང་ཚ་རྫོང་གི་བྱེད་སྒོའི་རེའུ་མིག

图片4.jpg

མདའ་བཞི་རྫོང་གི་བྱེད་སྒོའི་རེའུ་མིག

图片5.jpg

གོང་གསལ་གྱི་བྱེད་སྒོ་ཚང་མ་སྔོན་བརྡ་ཡིན་པ་དང་ཞིབ་ཕྲ་ནི་རྫོང་སོ་སོའི་ལག་བསྟར་ཚད་གཞིར་འཛིན་དགོས།


མཉམ་སྤྱོད།