དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མདེལ་གཉིས་སྐར་གཅིག”སྙིང་སྟོབས་སྐོར་གྱི་རྣམ་བཤད་གལ་ཆེན། (གཅིག)

2025-04-27 16:03:47   |   238

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


2011ལོའི་ཟླ1ཚེས26ཉིན། བློ་མཐུན་ཞི་ཅིན་ཕིང་གིས་དབྱིངས་སྐྱོད་ཚན་རྩལ་རིགས་གཅིག་མཁས་ཅན་ཡོན་ཧྲི་སུན་ཅ་ཏུང་ལ་འཚམ་འདྲི་གནང་སྐབས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱིས་མི་རབས་ཁ་ཤས་ལ་སྐུལ་ལྕག་དང་སྐུལ་མ་ཐེབས་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཞིག་ཡིན། རྒྱ་ཆེའི་དབྱིངས་སྐྱོད་ལས་དོན་པས་གསོ་སྐྱོང་དང་དར་སྤེལ་བཏང་བའི”དཀའ་སྡུག་ལྷག་པར་མྱོང་ཐུབ་པ་དང་དམག་འཐབ་ལྷག་པར་རྒྱག་ཐུབ་པ། འགག་སྒྲོལ་ལྷག་པར་བྱེད་ཐུབ་པ། ལེགས་སྐྱེས་ལྷག་པར་འབུལ་ཐུབ་པ”བཅས་ཀྱི་མི་སྡོད་དབྱིངས་སྐྱོད་ཀྱི་སྙིང་སྟོབས་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་མཐུད་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན། ང་ཚོས“སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི”དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་དབྱིངས་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཚན་རྩལ་ཡར་ཐོན་དང་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྟོབས་དང་ལྡན་པའི་ཚན་རྩལ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱ་དགོས་ཞེས་བསྟན་ཡོད། 

2013ལོའི་ཟླ2ཚེས2དང4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁའ་དམག་གི་ཚོད་ལྟའི་སྦྱོང་བརྡར་རྟེན་གཞི་ཞིག་དང་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས། ལན་ཀྲོའུ་དམག་ཁུལ་ལས་ཁུངས་བཅས་ལ་གཟིགས་ཞིབ་གནང་ཞིང་། དམག་དཔུང་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་དམག་དོན་འཐབ་རྩོད་གྲ་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཏང་དང་མེས་རྒྱལ། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཟམ་མི་ཆད་པར་གཏོད་དགོས་པ་ནན་བཤད་གནང་། ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཚང་མར“མདེལ་གཉིས་སྐར་གཅིག”སྙིང་སྟོབས་དང་མི་སྡོད་དབྱིངས་སྐྱོད་སྙིང་སྟོབས། “ཤར་རླུང་སྙིང་སྟོབས”བཅས་དར་སྤེལ་བཏང་ནས། མི་རིགས་བསྐྱར་དར་དེ་རང་འཁྲིའི་ལས་འགན་དུ་བརྩི་བ་དང་ཁྱད་དུ་འཕགས་པ་འཚོལ་སྙེག བྱེ་ཐང་ཆེན་པོར་རྐང་འཛུགས་པ་བཅས་བྱས་ཏེ། མེས་རྒྱལ་དང་མི་དམངས་ལ་དྲིན་ལན་འཇལ་དགོས་པའི་སྐུལ་མ་གནང་། ལན་ཀྲོའུ་དམག་ཁུལ་ལས་ཁུངས་སུ་གསར་བརྗེའི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་སློབ་གསོ་གཏིང་ཟབ་སྤེལ་ནས། གསར་བརྗེའི་རྒྱུད་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པ་ནན་བཤད་གནང་། 

2013ལོའི་ཟླ3ཚེས4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཚན་རྩལ་མཐུན་ཚོགས་དང་ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་སྐོར་གྱི་གྲོས་བསྡུར་ནང་ཞུགས་སྐབས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བརྟེན་གསར་གཏོད་ཀྱི་བགྲོད་ལམ་དུ་བསྐྱོད་དགོས། བགྲོད་ལམ་འདི་ནི་དགེ་མཚན་ལྡན་པ་དང་། དགེ་མཚན་ཆེས་ཆེ་ཤོས་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་བསྡུས་སྒོས་དོན་ཆེན་སྒྲུབ་ཐུབ་པ་དེ་ཡིན། འདི་ནི་ང་ཚོས་བྱ་གཞག་ལེགས་འགྲུབ་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ཏེ། སྔོན་ཆད་ང་ཚོས“མདེལ་གཉིས་སྐར་གཅིག”སྤེལ་བ་སོགས་ནི་ཐབས་མཆོག་འདིར་བརྟེན་པ་ཡིན་ལ། ཕྱིན་ཆད་ང་ཚོས་གསར་གཏོད་དང་མཆོང་སྐྱོད་བྱེད་པར་ཡང་ཐབས་མཆོག་འདིར་བརྟེན་དགོས་ཞེས་བསྟན་ཡོད། 


མཉམ་སྤྱོད།