དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་གྱིས་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ།

2025-04-29 08:54:38   |   324

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཧེ་ནན་ཝུན་ཁྲང་ནས་ཟླ4པའི་ཚེས29ཉིན་གྱི་གློག་འཕྲིན། ཟླ4པའི་ཚེས29ཉིན་གྱི་ཆུ་ཚོད4དང་སྐར་ར10སྟེང་། རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་དང་རྒྱང་སྐྱོད་ཨང་གཉིས་པའི་སྟེང་ངོས་རིམ་པ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར03འཕེན་གཏོང་བྱས་པ་དང་། སྲུང་སྐར་དེ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱོད་དེ་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

ད་རེས་ཀྱི་ལས་འགན་ནི་རྒྱང་སྐྱོད་རིམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་བྱེད་ཐེངས573པ་རེད།


མཉམ་སྤྱོད།