དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློག་བརྙན«གསའ»ལ་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱའི་གློག་བརྙན་ཕུལ་བྱུང་གི་བྱ་དགའ་ཐོབ།

2025-04-29 10:06:27   |   145

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུས་ལོན་བྱུང་བ་ལྟར་ན། ཟླ4ཚེས27ཉིན་གྱི་དགོང་དྲོར། ཀྲུང་གོའི་གློག་བརྙན་གྱི་རྡོ་རིང་བརྐོས་བརྒྱན་མའི་བྱ་དགའ(华表奖)སྤྲོད་པའི་མཛད་སྒོ་སྐབས་ཉི་ཤུ་པའི་ཐོག སྐུ་གཤེགས་ཟིན་པའི་ཀྲུང་གོ་མཛེས་རྩལ་སློབ་གླིང་གློག་བརྙན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་པད་མ་ཚེ་བརྟན་གྱིས་འཁྲབ་འཁྲིད་བྱས་པའི་གློག་བརྙན«གསའ»ཞེས་པར་གྲངས་ཉུང་མི་རིགས་ཀྱི་བརྗོད་བྱའི་གློག་བརྙན་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།

1.jpg

བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཞིང་ཙེ་ཆི་དང་། བློ་བཟང་ཆོས་འཕེལ། དབང་སྒྲོན་མཚོ་སོགས་འཁྲབ་གཞུང་ཚོགས་ཆུང་གི་གསར་རྩོམ་གྱི་གཙོ་འགན་འཁུར་མཁན་ཕེབས་པ་དང་འཁྲབ་འཁྲིད་པ་པད་མ་ཚེ་བརྟན་གྱི་བུ་འཇིགས་མེད་འཕྲིན་ལས་ཀྱིས་ཕ་དམ་པའི་ཚབ་ཞུས་ཏེ་བྱ་དགའ་བླངས་པ་རེད།

2.jpg

སྡིངས་ཆའི་ཐོག་འཇིགས་མེད་འཕྲིན་ལས་ཀྱིས“《གསའ》ཞེས་པའི་གློག་བརྙན་དེ་ནི་ངའི་ཕ་ལགས་ཀྱིས་བརྩམས་པའི་བོད་སྐད་ཀྱི་གློག་བརྙན་བརྒྱད་པ་དེ་ཡིན་པ་དང་། ཁོང་ལ་རྡོ་རིང་བརྐོས་བརྒྱན་མའི་བྱ་དགའི་མིང་འདོན་ཐོབ་ཐེངས་དང་པོ་རེད་ལ་བྱ་དགའ་དེའི་གཟི་བརྗིད་མཚན་སྙན་ཐོབ་ཐེངས་དང་པོའང་ཡིན་པས། ང་ཚོར་གཟི་བསོད་ཆེན་པོ་ཡིན་པ་ཚོར་གྱི་འདུག མ་གཞི་གདེང་འཇོག་དང་གཟི་བརྗིད་མཚན་སྙན་དེ་ཅུང་ཕྱི་དྲགས་མོད། འོན་ཀྱང་ཕ་ལགས་ཀྱིས་ཚོར་ཐུབ་ངེས་ཡིན་པ་དང་མཉེས་ཚོར་ཆེན་པོ་གནང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་བཤད།

3.jpg

《གསའ》ཞེས་པར་བྱ་དགའ་ཐོབ་པ་དེ་ནི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོས་ཡུལ་དེ་གའི་གཏམ་རྒྱུད་གློག་བརྙན་གྱི་ལམ་ནས་མངོན་པར་བྱེད་པར་སྐུལ་ལྕག་བྱས་པ་ཞིག་རེད་ལ། གོ་ལ་ཧྲིལ་པོའི་རྒྱབ་ལྗོངས་འོག་སྐྱེ་ཁམས་དང་ཤེས་དཔལ་ལ་བསམ་གཞིག་ཟབ་མོ་བྱས་པ་ཞིག་ཀྱང་རེད།


མཉམ་སྤྱོད།