དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ངལ་རྩོལ་དཔེ་བཟང་མི650ལྷག“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཉམས་ལེན་བྱེད་དུ་ཕེབས་པ།

2025-04-29 10:48:52   |   164

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མཚོ་སྔོན་ཉིན་རེའི་གསར་འགྱུར་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4པའི་ཚེས28ཉིན་གྱི་ཆུ་ཚོད10པར་མེ་འཁོར་གྱི་དུང་བརྡ་གྲགས་པ་དང་བསྟུན་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་མི650ལྷག་ཡོད་པའི“ལྔ་གཅིག”གསར་བརྗེའི་ཞིབ་འཇུག་ཆེད་གཏོང་མེ་འཁོར་དལ་བུར་བབས་ཚུགས་ནས་ཐོན་ཏེ་གསེར་དངུལ་ཐང་རྩྭ་ཐང་དུ་བསྐྱོད། ད་ཐེངས་ཀྱི་བྱེད་སྒོར་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་། ཟི་ལིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། མཚོ་བྱང་བོད་རིགས་རང་སྐྱོང་སྤྱི་ཁྱབ་བཟོ་ཚོགས། དེ་བཞིན་མཚོ་བོད་ལྕགས་ལམ་ཀུང་སི་སོགས་ཕྱོགས་མང་པོའི་རྒྱབ་སྐྱོར་ཐོབ་པ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འབྲེལ་ཐག་ཏུ་བྱས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་འབྲེལ་མཐུད་བྱས་ཏེ། མིག་དཔེའི་སྟོབས་ཤུགས་དེ“ལྔ་གཅིག”གུང་གསེང་དུས་ཆེན་ཏུ་ཁྱབ་པར་བྱས།

01.jpg

ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་ནང“སྙིང་སྟོབས་ཀྱི་མཐོ་སར་སྐྱོད་ནས་མིག་དཔེའི་སྟོབས་ཤུགས་གཅིག་བསྒྲིལ་དང་། མུ་མཐུད་དུ་ དུས་རབས་ཀྱི་གཟི་བརྗིད་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། སྔོན་བྱོན་པའི་རྗེས་ཤུལ་སྟེ་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དང་། ཡན་ལག་བཟོ་གྲྭ་དང་པོའི་གནས་རྙིང་། མཁའ་དམག་གི་ས་གནམ་འཕུར་མདེལ་རང་ཚུགས་སྒར་བཅུ་གཉིས་ཀྱི་གནས་ཡུལ་རྙིང་པ། མཚོ་བྱང་ཁུལ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་དང་དེ་བཞིན་མདའ་བཞི་རྫོང་དུས་རབས་དཔེ་བཟང་དྲན་གསོ་ཁང་སོགས་ཞིབ་འཇུག་སློབ་སྦྱོང་ས་ཚིགས་སུ་ཕྱིན། སྣེ་ཤན་པས་འགྲེལ་བཤད་དང་ལོ་རྒྱུས་རིག་དངོས་འགྲེམས་སྟོན། སྒྲ་འོད་གློག་གི་གནས་ཚུལ་ལད་ཟློས་སོགས་ཀྱི་རྣམ་པ་བརྒྱུད་ཚན་རིག་མཁས་ཅན་རྒན་རབས་ཚོས“གནམ་ས་གཡོ་བའི་ལས་སྒྲུབ་པ་དང་། མཚན་སྙན་གསང་བའི་མི་བྱེད་པའི”སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བསྐྱར་དྲན་བྱས་ཏེ། བློ་མཐུན་སྐལ་བཟང་གིས་དཀའ་སྤྱད་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་ཟླ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་དང་མཚོ་བྱང་ཁུལ་གྱི་ལོ་རྒྱུས་རིག་གནས་མྱོང་ཚོར་བྱས་པ་དང་། ལོ་རྒྱུས་དང་དངོས་ཡོད་ཀྱི་འབྲེལ་མཚམས་ནས  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་སློབ་སྦྱོང་བྱས།

མདའ་བཞི་རྫོང་གི“གསར་བརྗེའི་ཞིབ་འཇུག་སློབ་སྦྱོང+ཆེད་སྤྱོད་མེ་འཁོར”གྱི་བྱེད་སྟངས་ནི་གསར་གཏོད་ལག་ལེན་གཞན་ཞིག་ཡིན་པའི་ངོས་ནས་ཐེངས་འདིའི་ཁྱད་ལྡན་རིག་གནས་གནས་སྐོར་སྤུས་རྟགས་དེ་གནད་སྨིན་འཐུས་ཚང་དུ་འགྲོ་བཞིན་པ་མཚོན་ཡོད། མདའ་བཞི་རྫོང་གིས་གསར་བརྗེའི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་དང་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་ལ་དམ་པོར་དམིགས་ནས“སྐེ་རས་དམར་པོའི་ཆེད་སྤྱོད་མེ་འཁོར”དང“ཏང་ཡོན་གདོང་ལེན་ཆེད་སྤྱོད་མེ་འཁོར”སོགས་བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་ཆེད་སྤྱོད་མེ་འཁོར་བཏོན་ནས“ཟླ་རེར་བརྗོད་དོན་གཙོ་བོ་དང་དུས་ཆེན་རེར་བཀྲག་མདངས་ཡོད་པའི”གསར་བརྗེའི་སློབ་གསོའི་ལས་རྣམ་བཏོད་དེ“འགྲིམ་འགྲུལ+རིག་གནས་གནས་སྐོར+ཞིབ་འཇུག་སློབ་སྦྱོང”བཅས་མཉམ་འདྲེས་བྱེད་སྟངས་ཟབ་ཏུ་བཏང་ནས་གསར་བརྗེའི་ཐོན་ཁུངས་དེ་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་སྐུལ་འདེད་བྱས་ཡོད། 

བྱེད་སྒོའི་ནང་ཞུགས་མཁན་གྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་དོན་པས་ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་ནི་སེམས་ཁམས་གཙང་སེལ་བྱེད་པའི་སྙིང་སྟོབས་ཀྱི་ཉམས་སད་ཅིག་ཡིན་ལ་འགན་འཁྲི་འཁུར་ཕོད་པའི་ལག་ལེན་གྱི་སྐུལ་སློང་བཀའ་རྒྱ་ཞིག་ཀྱང་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཅིང་། མ་འོངས་པར“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མཛུབ་ཁྲིད་དུ་བྱས་ཏེ། ཐོག་མའི་བསམ་འདུན་ལག་བསྟར་དང་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་སྒོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།


མཉམ་སྤྱོད།