དེ་རིང་ནི2025ལོའི་ཟླ05པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གྲངས་གཞིའི་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་སྐབས་བརྒྱད་པ་ཧྥུའུ་ཀྲོའུ་རུ་འཚོགས་པ།

2025-04-30 09:33:03   |   195

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  ཞིན་ཧྭ་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4པའི་ཚེས29ཉིན་པར་བླངས་པའི་སྐབས་བརྒྱད་པའི་གྲངས་གཞིའི་ཀྲུང་གོ་འཛུགས་སྐྲུན་དབུ་ཚོགས་ཀྱི་མགོ་ཚུགས་མཛད་སྒོའི་ཡུལ་དངོས།

ཉིན་དེར། “མི་ལོ་ཉེར་ལྔའི་ཧུར་བརྩོན་གྱི་ལོ་ཟླ། གྲངས་གཞིའི་ཀྲུང་གོའི་ལེའུ་གསར་པ་སྟེ། གྲངས་རིག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ”ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི་གྲངས་གཞིའི་ཀྲུང་གོ་འཛུགས་སྐྲུན་གྱི་དབུ་ཚོགས་སྐབས་བརྒྱད་པ་ཧྥུའུ་ཀྲོའུ་མཚོ་འགག་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། ཐེངས་འདིའི་དབུ་ཚོགས་ཐོག་མགོ་ཚུགས་མཛད་སྒོ་དང་། གླེང་སྟེགས་གཙོ་བོ། ཡན་ལག་གླེང་སྟེགས་བཅས་ཕུད། ད་དུང་ཡུལ་དངོས་ཀྱི་ཉམས་ལེན་ཁུལ་དང་། གྲངས་གཞིའི་ཀྲུང་གོའི་གསར་གཏོད་འགྲན་བསྡུར་ཆེ་མོ། མིང་ཅང་མཚན་མོའི་བགྲོད་གླེང་། འབྱོར་ཕྱུག་གི་ཧྥུའུ་ཀྲོའུ། འབྱུང་འགྱུར་གྱི་མནོ་བསམ་སོགས་ཀྱི་ཁྱད་ལྡན་བྱེད་སྒོ་བཙུགས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིན་ཧྲན་ཁྲོན་གྱིས་པར་བླངས། 


མཉམ་སྤྱོད།