དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྔ་གཅིག་གུང་གསེང་རིང་མཚོ་བྱང་རིག་གནས་གནས་སྐོར་ཁྲོམ་ར་འཁྲུག་ཆ་དོད་པོ་བྱུང་བ།

2025-05-06 14:53:42   |   86

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ལྔ་གཅིག་གུང་གསེང་རིང་མཚོ་བྱང་རིག་གནས་གནས་སྐོར་ཁྲོམ་ར་འཁྲུག་ཆ་དོད་པོ་བྱུང་ནས་གནས་སྐོར་དཔལ་འབྱོར་གྱི་དམིགས་ཚད་ཕྱོགས་ཡོངས་ནས་འཕར་ཡོད། ཟླ5པའི་ཚེས5ཉིན་བར། ཁུལ་ཡོངས་ཀྱིས་གནས་སྐོར་བ་མི་ཐེངས་ཁྲི10.0928སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས33.4%འཕར་བ་དང་། གནས་སྐོར་ཡོང་འབབ་སྒོར་ཁྲི3744.39ཡོད་པ་དེ་དུས་མཚུངས་ལས34.48%འཕར་ཡོད། དེའི་ནང་འཇུ་ལག་རྫོང་གིས་གནས་སྐོར་བ་མི་ཐེངས་ཁྲི3.0197སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས34.01%འཕར་བ་དང་། གནས་སྐོར་ཡོང་འབབ་སྒོར་ཁྲི945.18ཡོད་པ་དེ་དུས་མཚུངས་ལས33.78%འཕར་ཡོད། མདོ་ལ་རྫོང་གིས་གནས་སྐོར་བ་མི་ཐེངས་ཁྲི3.32སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས44.98%འཕར་བ་དང་། གནས་སྐོར་ཡོང་འབབ་སྒོར་ཁྲི1615.99ཡོད་པ་དེ་དུས་མཚུངས་ལས43.69%འཕར་ཡོད། རྐང་ཚ་རྫོང་གིས་གནས་སྐོར་བ་མི་ཐེངས་ཁྲི1.5568སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས40.14%འཕར་བ་དང་། གནས་སྐོར་ཡོང་འབབ་སྒོར་ཁྲི529.3ཡོད་པ་དེ་དུས་མཚུངས་ལས48.03%འཕར་ཡོད། མདའ་བཞི་རྫོང་གིས་གནས་སྐོར་བ་མི་ཐེངས་ཁྲི2.1963སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས14.9%འཕར་བ་དང་། གནས་སྐོར་ཡོང་འབབ་སྒོར་ཁྲི653.92ཡོད་པ་དེ་དུས་མཚུངས་ལས9.8%འཕར་ཡོད།

ཚོང་རར་དབྱེ་ཞིབ་བྱས་པ་བརྒྱུད་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ།

གཅིག གཙོ་གནད་མཛེས་ལྗོངས་ཁུལ་གྱིས་གཞི་གྲངས་འཕར་སྣོན་ཡོང་བར་སྣེ་ཁྲིད་བྱས། ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ(ས་ཚིགས)45རྒྱུན་གཏན་ལྟར་སྒོ་ཕྱེས་ཏེ། “ལྔ་གཅིག”ངལ་གསོའི་རིང་ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་ཁག་ཏུ་གནས་སྐོར་བྱེད་མཁན་མི་ཐེངས83487ཡོད། དེའི་ནང་མདོ་ལ་རྫོང་ལ་མི33212དང་། འཇུ་ལག་རྫོང་ལ་མི23236དང་། རྐང་ཚ་རྫོང་ལ་མི13037དང་། ཁུལ་ཐད་གཏོགས་ལ་མི9450དང་། མདའ་བཞི་རྫོང་ལ་མི4552བཅས་ཡོད། མཛེས་ལྗོངས་ཁུལ་དག་ལས་མི་མང་ཤོས་ཀྱི་ཨང་དང་པོ་ནི་མེ་ལྷ་གངས་དཀར་མཛེས་ལྗོངས་ཁུལ་ཡིན་པ་དང་མི18130ཡོད་པ་དང་། ཨང་གཉིས་པ་ནི་མཁར་དམར་གནའ་མཁར་གྱི་ཤུལ་རྙིང་སྤྱི་གླིང་སྟེ་མི15070ཡོད། ཨང་གསུམ་པ་ནི་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་ཏེ་མི9300ཡོད། རིག་གནས་རྟེན་མཛོད་ཁང་དག་ལས་ཨང་དང་པོ་ནི་མཚོ་སྔོན་མ་རྡུལ་མཁར་དྲན་གསོ་ཁང་ཡིན་ཏེ་མི5758ཡོད། ཨང་གཉིས་པ་ནི་མཚོ་སྔོན་པོ་སྐྱེ་ཁམས་རྟེན་མཛོད་ཁང་སྟེ་མི976ཡོད། ཨང་གསུམ་པ་ནི་དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སྟེ་མི441ཡོད།

གཉིས། ངོ་མཚར་ཆེ་བའི་རིག་རྩལ་བྱེད་སྒོར་དགའ་བསུ་ཆེན་པོ་ཐོབ། གནས་སྐོར་གྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ནས་གནས་སྐོར་བར་རིག་གནས་ཉམས་ལེན་བྱེད་དུ་འཇུག་ཆེད། ཁུལ་ཡོངས་ཀྱི་རིག་གནས་གནས་སྐོར་ཁོངས་གཏོགས་ཀྱིས་རྒྱུན་ཆད་མེད་པར་རིག་གནས་དམངས་ཕན་བྱེད་སྒོ་ཧ་ཅང་མང་པོ་བཀོད་སྒྲིག་བྱས་ཡོད་དེ། གུང་གསེང་རིང་དམངས་སྲོལ་འགྲེམས་སྟོན་དང་། ཕྱི་རོལ་གྱི་འགྲན་བསྡུར། རིག་གནས་ཉམས་ལེན་བཅས་གཙོ་བྱས་པའི་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་ཁག65སྔ་རྗེས་སུ་སྤེལ་བ་དང་། “ལྔ་གཅིག་དུས་ཆེན་རོལ། གནས་སྐོར་རྫོགས་ལྡན་དུས་ཚིགས་བསུ”ཞེས་པའི་མེ་ལྷ་གངས་དཀར་མདའ་འཕེན་གདན་ཞུའི་འགྲན་བསྡུར་དང་། ཀྱུ་ཡངས་ནང་རྐང་ཐང་བྱེས་བགྲོད་འགྲན་བསྡུར། སྒེར་འཁོར་བསྐོར་ནས་མདོ་ལ་རིང་མོའི་གཞུང་ལམ་ཨང9པ་བརྒལ་བ། “ལྷ་ཁམས་མདོ་ལ”ཡི་ཆེས་མཛེས་པའི་མཁའ་ལམ་སྐྱེ་ཁམས་ཞིབ་སློབ། གློག་འོད་འཁྲབ་སྟོན། “མཚོ་སྔོན་པོ•བྱ་གཟིགས་དུས་ཚིགས”ཀྱི་མཐོ་སྒང་རྟ་རྒྱུག་འགྲན་སྡུར། རིག་རྩལ་འཁྲབ་སྟོན་མཛེས་ལྗོངས་ཁུལ་དུ་བསྐྱོད་པ། མཚོ་སྐོར་ལྕགས་རྟ་ཉམས་ལེན་སོགས་རིག་གནས་དམངས་ཕན་བྱེད་སྒོ་ལ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་ལ། གནས་སྐོར་བ་དང་ས་གནས་མང་ཚོགས30443ལ་ཕན་པ་ཐོབ།

5.jpg

6.jpg

གསུམ། སྒེར་འཁོར་ནི་གནས་སྐོར་འགྲིམ་འགྲུལ་གཙོ་བོར་གྱུར་ཡོད། ཁུལ་དང་རྫོང་མཉམ་འབྲེལ་གྱིས་མཛེས་ལྗོངས་ཁུལ(ས་ཚིགས)གྱི་སྒོ་འཛིན་རྩ་ཆག་དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་རིན་གོང་ཕབ་གཅོག རིན་མེད་ཕྱིར་སྐྱོད་སོགས་གཟིགས་སྐྱོང་བྱེད་ཐབས་རིགས་གསུམ་བཏོན་པ་དང་། སྒེར་འཁོར་སྐོར་མཁན་གྱི་གནས་སྐོར་བ་མི་ཐེངས68352ཀྱི་ཡིད་དབང་བཀུག་པ་དེས་མི་ཐེངས་སྡོམ་འབོར་གྱི67.72%བཟུང་ཡོད། དེའི་ནང་འཇུ་ལག་ལ་སྒེར་འཁོར་གནས་སྐོར་བ་མི་ཐེངས23000ཡོད་པ་དང་། མདོ་ལར་སྒེར་འཁོར་གནས་སྐོར་བ་མི་ཐེངས23572ཡོད། རྐང་ཚར་སྒེར་འཁོར་གནས་སྐོར་བ་མི་ཐེངས7196ཡོད། མདའ་བཞིར་སྒེར་འཁོར་གནས་སྐོར་བ་མི་ཐེངས14584ཡོད།

བཞི། གྲོང་གསེབ་གནས་སྐོར་ལ་གསོན་ཤུགས་ཆེན་པོ་རྒྱས། ཁུལ་ཡོངས་ཀྱི་སྐར་མ་རིམ་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས26གིས་སྒོ་ཕྱེས་ནས་གནས་སྐོར་བ་སྣེ་ལེན་ཞུས་པ་དང་། གྲོང་གསེབ་གནས་སྐོར་དེ་གནས་སྐོར་བ་མང་ཆེ་བའི་གདམ་ག་ཞིག་ཏུ་གྱུར་ཡོད། གནས་སྐོར་བ་ཕྱིར་སྐྱོད་བྱེད་སྟངས་ཐད“ཞིང་སྡེའི་མཛེས་ལྗོངས་ལ་ལྟ་བ་དང་། གྲོང་གསེབ་ཀྱི་ཞིམ་ཟས་ལ་རོལ་བ། རང་བྱུང་མཛེས་ལྗོངས་ལ་ལྟ་བ། ཁྱད་ལྡན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་སྡོད་པ”བཅས་ཀྱི་གྲོང་གསེབ་གནས་སྐོར་བྱེད་སྟངས་སོགས་ཡོད། དེའི་ནང་འཇུ་ལག་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་གྲོང་གསེབ་གནས་སྐོར་གྱི་རྣམ་པ་དེ་བས་མངོན་གསལ་དོད་པོ་ཡོད་པ་དང་གནས་སྐོར་བ་མི་ཐེངས5000ལྷག་ཙམ་སྣེ་ལེན་ཞུས་ནས་གྲོང་གསེབ་གནས་སྐོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་མངོན་ཡོད།


མཉམ་སྤྱོད།