དེ་རིང་ནི2025ལོའི་ཟླ05པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློག་བརྙན《ནོ་ཏྲ2》ཀྱི་པ་སེ་སྒོར་དུང་ཕྱུར158ལས་བརྒལ་ཏེ། གོ་ལ་ཧྲིལ་པོའི་ཨང་བཞི་པར་བསླེབ་ལ་ཉེ།

2025-05-06 17:07:44   |   1098

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


དྲ་རྒྱའི་སྟེགས་བུའི་གཞི་གྲངས་ལ་གཞིགས་ན། ཟླ5ཚེས5ཉིན་བར། ནོ་ཏྲ་ལས་སྒྱུ་འཕྲུལ་བྱིས་པས་ཀླུ་ཡུལ་དཀྲུགས་པ་ཞེས་པའི་པ་སེའི་བསྡོམས་འབོར(ཞང་ཀང་ཨའོ་མོན་ཐའེ་ཝན་དང་རྒྱལ་ཕྱིའི་པ་སེ་ཚུད་ཡོད)སྒོར་དུང་ཕྱུར158ལས་བརྒལ་ཏེ་གོ་ལ་ཧྲིལ་པོའི་གློག་བརྙན་ལོ་རྒྱུས་ཀྱི་པ་སེ་ཨང་ལྔ་པར་བསླེབས་ཡོད། ལྔ་གཅིག་གི་གུང་གསེང་འདིར་གློག་བརྙན་འདིའི་པ་སེ་མུ་མཐུད་འཕར་བས《ཐའེ་ཐན་ཉི་ཁོ་རྟགས་ཅན》ལས་བརྒལ་བའི་རེ་བ་ཡོད་པ་རེད།

640.jpg

01

ཉིན90ལྷག་ལ་བསྟན་པའི《ནོ་ཏྲ2》ལྔ་གཅིག་གུང་གསེང་རིང་པ་སེ་སྔར་བཞིན་བྲིན་པོ་བྱུང་།

ལྔ་གཅིག་གུང་གསེང་འདིར་གློག་བརྙན11གཅིག་སྡུད་ཐོག་བསྟན་པ་དང་། 《ནོ་ཏྲ2》ཀྱིས་བསྟོད་བསྔགས་དང་འགུག་ཤུགས་དྲག་པོར་བརྟེན་ནས་འགྲན་རྩོད་ནུས་པ་མཐའ་འཁྱོངས་བྱས་ཡོད། གུང་གསེང་གི་ཉིན་གཉིས་པར། 《ནོ་ཏྲ2》ཀྱི་པ་སེ་འཕར་ཏེ་ཉིན་གཅིག་གི་པ་སེ་སྒོར་ཁྲི1795ལས་བརྒལ་བ་དང་། 6.3%གྱི་གློག་བརྙན་བཀོད་སྒྲིག་གི་སྡུར་ཚད་ཀྱིས10.2%ཀྱི་པ་སེའི་ཡོང་འབབ་ཟིན་ཞིང་། དངོས་སུ་གློག་བརྙན་ཁང་དུ་ཐོན་པའི་ཚད11%ཟིན་ཡོད། གུང་གསེང་ཉིན་ལྔའི་རིང་ཀུའེ་ཀྲོའུ་ཞིང་ཆེན་དུ《ནོ་ཏྲ2》སྟོན་ཚད་ལྷག་ཏུ་མཐོ་བ་རེད།

640 (1).jpg

གློག་བརྙན་བསྟན་ནས་ཉིན90ལྷག་འགོར་མོད། 《ནོ་ཏྲ2》ཀྱི་གསར་འདྲེན་ཕན་ནུས་སྔར་བཞིན་ཆེན་པོ་ཡོད། དྲ་རྒྱའི་སྟེགས་བུའི་གཞི་གྲངས་ལ་གཞིགས་ན། དཔྱིད་གསར་དུས་ཆེན་རྗེས་སུ་འཛད་སྤྱོད་པས《ནོ་ཏྲ2》ཀྱི་པ་སེ་བསྐྱར་དུ་ཉོ་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་། ལྔ་གཅིག་རིང《ནོ་ཏྲ2》ཀྱི“ལྟད་མོ་པ་གསར་པ”སྔར་བཞིན80%ཡོད་པས་འཛད་སྤྱོད་པ་ལས་ཕ་མ་བུ་ཕྲུག་གིས་མཉམ་དུ་གློག་བརྙན་ལ་ལྟ་མཁན་ལྷག་ཏུ་མང་།

2025ལོའི་དཔྱིད་གསར་དུས་ཆེན་དུ་གློག་བརྙན་བསྟན་པ་ནས་བཟུང་། 《ནོ་ཏྲ2》ཀྱི་ཁྱད་དུ་འཕགས་པའི་པ་སེའི་བྲིན་རྒྱུགས་ལ་བརྟེན་ནས་མགྱོགས་མྱུར་ངང་ཀྲུང་གོའི་གློག་བརྙན་ཁྲོམ་རའི་དོ་སྣང་འདྲེན་ཡུལ་དུ་གྱུར་ཏེ་པ་སེའི་ཟིན་ཐོ་མང་པོ་ཞིག་གཏོར་ཡོད།

ཟླ4ཚེས27ཉིན། 《ནོ་ཏྲ2》ཀྱིས2025ལོའི་དཔྱིད་གསར་དུས་ཆེན་ཚུན་གྱི་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་འབུར་ཐོན་མཚོན་ཚུལ་ལ་གཟེངས་བསྟོད་བྱེད་ཆེད། ཀྲུང་གོའི་གློག་བརྙན་གྱི་རྡོ་རིང་བརྐོས་བརྒྱན་མའི་བྱ་དགའ(华表奖)སྤྲོད་པའི་མཛད་སྒོ་སྐབས་ཉི་ཤུ་པའི་ཐོག རྒྱལ་ཁབ་གློག་བརྙན་ཅུས་ཀྱིས《ནོ་ཏྲ2》ལ་ཆེད་དུ“དམིགས་བསལ་མཛད་འཁྱོལ་གློག་བརྙན”གྱི་གཟི་བརྗིད་ལག་ཁྱེར་སྤྲད་པ་རེད།

640 (4).jpg

02

“དཔེ་མི་སྲིད་པ”ནས“ཚད་མེད་ཀྱི་དཔེ་སྲིད་པའི”བར།

《ནོ་ཏྲ2》ཀྱིས་པ་སེའི་ཟིན་ཐོ་མང་པོ་བསྐྲུན་པར་མ་ཟད། འཛམ་གླིང་ལ་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་གློག་བརྙན་གྱི་བཟོ་ལས་སྟོབས་ཤུགས་དང་རིག་གནས་ཀྱི་ཟིལ་ཤུགས་མཐོང་དུ་བཅུག་པ་དང་། “བསྐྱར་འབྲེལ”དང“སྐར་མའི་དམག་འཁྲུག”སོགས་ཕྱི་རྒྱལ་གྱིIPསྒེར་སྡེམ་གཏོར་ནས། ཀྲུང་གོའི་རིག་གནས་གསོག་འཇོག་ནས་ཀྲུང་གོའིIPའཛུགས་པའི་བར་གྱི་རིམ་སྤོར་མངོན་འགྱུར་བྱུང་ཡོད།

ལྔ་གཅིག་གུང་གསེང་རིང་ལྟད་མོ་པ་མང་པོ་ཞིག་གིས“ནོ་ཏྲ”ཡི་མུན་སྒམ་སོགས་ཐོན་རྫས་དང་མཉམ་དུ་གློག་བརྙན་ཁང་ལ་བསྐྱོད། IPམཆེད་ཐོན་རྫས་ཀྱིས་གློག་བརྙན་འཛད་སྤྱོད་དེ་བརྩེ་དུང་ཉམས་འུར་ནས་དངོས་ཚན་རོགས་ཟླར་བསྒྱུར་པ་དང་། མ་འོངས་པར་དུས་ཡུན་ཐུང་ངུའི་འོད་བརྙན་ཉམས་ལེན་ནས་རྒྱུན་མཐུད་ཐུབ་པའི་བརྩེ་དུང་སྦྲེལ་མཐུད་དུ་བསྒྱུར་སྲིད།

8641b3419e9dc18d368b91d688a8b6d.jpg

ཡར་སྔོན། 《ནོ་ཏྲ2》བསྟན་ནས་ཟླ་བ་གཅིག་ཀྱང་མ་སོང་སྐབས། མཆེད་ཐོན་རྫས་ཕྱིར་འཚོང་གི་ཚད་ནི《སའི་གོ་ལར་འཁྱམ་པ2》ཀྱིས་ལོ་གཉིས་རིང་མཐའ་འཁྱོངས་བྱས་པའི་ཟིན་ཐོ་བརྒལ་བས། ལས་རིགས་ནང་ཁུལ་གྱིས་སྔོན་དཔག་བྱས་ན་དེའི་ཚོང་ལས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར300ནས་སྒོར་དུང་ཕྱུར350བར་ཟིན་ཡོད། དེས་རང་རྒྱལ་ནས་ཐོན་པའིIPགསར་སྤེལ་ནི“ནང་དོན-བརྩེ་བ-འཛད་སྤྱོད”ཕྱོགས་གསུམ་གཞི་གཅིག་གི་མཐུན་སྦྱོར་སྐུལ་འདེད་ཀྱི་འཕེལ་རྒྱས་དུས་མཚམས་སུ་བསླེབས་པ་མཚོན་ཡོད།

དེ་དང་ཆབས་ཅིག་ས་གནས་མང་པོ་ཞིག་གིས“བརྗོད་བྱ་གཙོ་བོའི་སྤྱི་གླིང+གློག་བརྙནIP”མཉམ་འདྲེས་དཔེ་རྣམ་ལ་སྐུལ་འདེད་གཏོང་རྒྱུའི་ཚོད་ལྟ་བྱེད་བཞིན་ཡོད་པས་མ་འོངས་པར་སྲིད་ཕྱོད་དེ་ལས་ཆེ་བ་ཡིན།

2b3095c476e5263bdac53ceeb9db960.jpg

གློག་བརྙན་དངུལ་འཇོག་ཕབ་སྐྲུན་ཕྱོགས་ཀྱི་གནས་ཚུལ་ལ་གཞིགས་ན། 《ནོ་ཏྲ་ལས་སྒྱུ་འཕྲུལ་བྱིས་པས་ཀླུ་ཡུལ་དཀྲུགས་པ》ཞེས་པའི་གསང་རྟགས་ནར་འགྱངས་ཐེངས་གསུམ་བྱས་པ་དང་ཟླ5ཚེས31ཉིན་བར་ནར་འགྱངས་བྱས་ཡོད།

ཟླ4ཚེས18ཉིན། རྒྱལ་ཁབ་གློག་བརྙན་ཅུས་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས“ཀྲུང་གོའི་གློག་བརྙན་འཛད་སྤྱོད་ལོ་འཁོར”གྱི་མགོ་བརྩམས་ཏེ། གློག་བརྙན་འཛད་སྤྱོད་ཀྱི་དམངས་ཕན་བྱེད་སྒོ་རབས་དང་རིམ་པ་སྤེལ་ནས་གློག་བརྙན་ཁྲོམ་རའི་འཕེལ་རྒྱས་ལ་གསོན་ཤུགས་འབར་བའི་སྒུལ་ཤུགས་སྔར་ལས་མང་བ་བསྩལ་ཡོད། བྱེད་ཐབས་རབས་དང་རིམ་པ་ཞིག་གི་བྱམས་སྐྱོང་འོག གློག་བརྙན་ལ་དགའ་མོས་བྱེད་མཁན་གྲོགས་པོ་སྔར་ལས་མང་བ་ཞིག་གིས་མུ་མཐུད་གློག་བརྙན་ཁང་ནས་ནོ་ཏྲ་དང་འཕྲད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།


མཉམ་སྤྱོད།