དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ལྗོངས་ཀྱི་ལུས་རྩལ་པ་གསུམ་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་ནང་ཚུད་འདུག

2025-05-07 15:54:49   |   79

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། བོད་ལྗོངས་བརྙན་འཕྲིན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


1~1.jpg

ཉེ་ཆར། འཛམ་གླིང་རྟ་རྒྱུག་མདའ་འཕེན་མཐུན་ཚོགས(WHAF)དང་། ཀྲུང་གོ་རྟ་རྒྱུག་མདའ་འཕེན་མཐུན་ཚོགས(CHAF)དང་། ཨན་ཧུའེ་ཀྲེན་ལུང་རྟ་རྩལ་ཐོན་ལས་དོ་དམ་ཚད་ཡོད་སྤྱི་གཉེར་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་འཛམ་གླིང་བུམ་པའི་ཨེ་ཤ་ཡའི་བསལ་འགྲན་དང་འབྲི་ཆུའི་ཟུར་གསུམ་རྟ་རྒྱུག་མདའ་འཕེན་འགྲན་བསྡུར་དེ་ཨན་ཧུའེ་ཀོང་ཏེ་གྲོང་ཁྱེར་དུ་འཚོགས། བོད་ལྗོངས་ཀྱི་འགྲན་ཞུགས་པ་འཇམ་དབྱངས་སྟོབས་ལྡན་དང་། བསྟན་འཛིན་རྣམ་སྲས། བསྟན་འཛིན་བློ་གྲོས་བཅས་ཀྱིས་ཀྲུང་གོའི་འཐུས་ཚབ་བྱས་ཏེ་འགྲན་བསྡུར་ནང་ཞུགས།

2~1.jpg

འབེན་གསུམ་དང་འགྱུར་གསུམ། གནམ་མདའ་ས་མདའ་བཅས་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ཁྲོད། བོད་ལྗོངས་ཀྱི་ལུས་རྩལ་པས་ཀྲུང་གོའི་རུ་ཁག་གི་འཐུས་ཚབ་བྱས་ཏེ་ཐུན་མོང་གི་བྱ་དགའ་ཨང་གཉིས་པ་བླངས་ནས་འཛམ་གླིང་བུམ་པའི་རྟིང་རྩོད་ནང་ཚུད།

3~1.jpg


མཉམ་སྤྱོད།