དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་མར་ཕབ།

2025-05-07 16:36:06   |   141

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ཕན་ཀུང་ཧྲེང་གིས་དེ་རིང་(ཚེས7ཉིན)འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆའི་གྲངས་0.25དམའ་རུ་གཏོང་རྒྱུ་དང་། དུས་བཅད་ལོ་ལྔ་ཡན་གྱི་ཁང་པ་དང་པོའི་སྐྱེད་ཀ་དེ2.85%ནས་2.6%ཏུ་མར་ཆག་པ། དུས་བཅད་གཞན་པའི་དངུལ་བུན་སྐྱེད་ཚད་དུས་མཚུངས་སུ་ལེགས་སྒྲིག་བྱེད་རྒྱུ་ཁྱབ་བསྒྲགས་བྱས། སྔོན་དཔག་ལྟར་ན་ལོ་རེར་སྡོད་དམངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་གྱི་འགྲོ་གྲོན་ཧ་ལམ་སྒོར་དུང་ཕྱུར200ཡན་གྲོན་ཆུང་བྱེད་ཐུབ་པ་དང་། སྡོད་དམངས་ཀྱི་ཁྱིམ་ཚང་གི་དགོས་ངེས་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པར་ཕན་པ་མ་ཟད། ས་ཁང་བདག་ཁོངས་ཁྲོམ་རའི་རྐང་འཛིན་རིན་གོང་བརྟན་བརླིང་ཡོང་བར་ཡང་ཕན།


མཉམ་སྤྱོད།