དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡོངས་འཛིན་འཚོལ་བཤེར་མ་ལག་གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཕུལ་བྱུང་དཔེ་མཚོན་དུ་ཚུད་འདུག

2025-05-08 11:43:45   |   219

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། རྒྱལ་ཁབ་གྲངས་གཞི་ཅུ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས29ཉིན་རྒྱལ་ཁབ་གྲངས་གཞི་ཅུས་སྐབས་བརྒྱད་པའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དབུ་ཚོགས་ཀྱི་སྤུས་ཚད་མཐོ་བའི་གྲངས་གཞི་ཕྱོགས་བསྒྲིགས་དང་གྲངས་གཞིའི་རྟགས་མཆན་འགོད་བརྗོད་དོན་བགྲོ་གླེང་བྱེད་སྒོའི་ཐོག《གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཕུལ་བྱུང་དཔེ་མཚོན་ཕྱོགས་བསྒྲིགས》འགྲེམ་སྤེལ་བྱས།

གྲངས་གཞིའི་འཕེལ་རྒྱས་དང་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གྲངས་གཞིའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ཁག་གི་གྲངས་གཞིའི་རྟགས་མཆན་འགོད་ཁྱབ་ཁོངས་ཀྱི་ཉེར་སྤྱོད་ཕན་འབྲས་གང་ལེགས་མངོན་པར་བྱ་ཆེད། རྒྱལ་ཁབ་གྲངས་གཞི་ཅུས “གྲངས་གཞིའི་རྟགས་མཆན་འགོད་ཕུལ་བྱུང་དཔེ་མཚོན”བསྡུ་རུབ་དང་གདམ་གསེས་བྱེད་པའི་ལས་དོན་སྒྲིག་འཛུགས་བྱས་ཤིང་། ས་གནས་ཁག་གིས་དང་ལེན་ཧུར་ཐག་དང་ཧུར་ཐག་གིས་ཞུགས་ནས་དཔེ་མཚོན417འོས་སྦྱོར་བྱས་པ་དང་། གྲངས་གཞིའི་རྟགས་མཆན་འགོད་ཀྱི་ལག་རྩལ་གསར་གཏོད་དང་། ལས་རིགས་ཀྱིས་ནུས་པ་བསྩོལ་བ། ཚད་གཞི་བཀོལ་སྤྱོད། སྐྱེ་ཁམས་སྐྱེད་སྲིང་། ཤེས་ལྡན་པ་གསོ་སྐྱོང་སོགས་ཁ་ཕྱོགས་ལྔ་ཚུད། རེས་སྐོར་མང་པོར་དཔྱད་འདེམས་བྱས་པ་བརྒྱུད་ཕུལ་བྱུང་དཔེ་མཚོན47བདམས། དེ་དག་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས29དང་དེ་བཞིན་འཆར་གཞི་ལོགས་བཀོད་གྲོང་ཁྱེར་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཐོན་བཅས་ལས་བདམས་པ་ཡིན། རྗེས་མར། གྲངས་གཞིའི་ཕུལ་བྱུང་དཔེ་མཚོན་དག་རྒྱལ་ཁབ་གྲངས་གཞི་ཅུའི་གཞུང་ཕྱོགས་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་སྟེང་གཅིག་རྗེས་གཉིས་མཐུད་ངང་འགོད་རྒྱུ་ཡིན་པས་རྒྱལ་ཡོངས་ས་གནས་ཁག་གི་གྲངས་གཞིའི་རྟགས་མཆན་འགོད་ཐོན་ལས་འཕེལ་རྒྱས་ལ་དཔྱད་གཞི་མཁོ་འདོན་བྱ་ཐུབ།

གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཕུལ་བྱུང་དཔེ་མཚོན་གྱི་མིང་ཐོ་གཤམ་གསལ་ལྟར།

1 .དཔེ་དབྱིབས་མང་བའི་གསོ་རིག་བརྙན་པར་རིག་ནུས་གྲངས་གཞིའི་རྟགས་མཆན་འགོད་ལས་སྟེགས།

2.དཔེ་དབྱིབས་མང་བའི་གྲངས་གཞིའི་རིག་ནུས་རྟགས་མཆན་འགོད་ལས་སྟེགས་དང་དོ་དམ་ལས་སྟེགས།

3.AIཡིས་གྲངས་གཞིའི་རྟགས་མཆན་འགོད་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་གཏོད་པར་རོགས་རམ་བྱེད་པ།

4 .ཡུལ་དུས་རིག་ནུས་གྲངས་གཞིའི་རྟགས་མཆན་འགོད་ཚད་ལྡན་ཅན་གྱི་ལག་ལེན།

5 . གྲངས་གཞིའི་རྟགས་མཆན་འགོད་ཐོན་ལས་འཛུགས་སྐྲུན་བྱས་ཏེ། རྫོང་ཁོངས་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བར་རམ་འདེགས་བྱེད་པ།

6.གྲོང་གསེབ་ཐུན་མོང་ས་ཆའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡུལ་དུས་གྲངས་གཞིའི་ཁུངས་མང་མཐུན་སྦྱོར་གྱི་རྟགས་མཆན་འགོད།

7. གྲངས་གཞིའི་རྟགས་མཆན་འགོད་ཀྱིས་དྲ་ཚོང་ཐོན་ལས་གྱི་ནུས་འདེགས་རིམ་སྤོར་ལ་རོགས་རམ་བྱེད་པ།

8.རླངས་འཁོར་ལས་རིགས་ཀྱི་དཔེ་དབྱིབས་མང་བའི་གྲངས་གཞི་མཉམ་འདྲེས་ཀྱི་མི་འཁོར་མཐུན་སྦྱོར་རིག་ནུས་ཅན་གྱི་རྟགས་མཆན་འགོད།

9.རིག་ནུས་རྟགས་མཆན་འགོད་ལོགས་བཀར་མ་ལག་གིསAIགྲངས་གཞིའི་ལས་གྲྭ་གསར་སྐྲུན་བྱེད་པ།

10. གྲངས་གཞིའི་རྟགས་མཆན་འགོད་ཀྱི་སྲིད་ཐོན་སློབ་གསུམ་མཉམ་འདྲེས་ཀྱིས་འཇོན་མི་གསོ་སྐྱོང་བྱེད་པ།

11 .“སྲིད་གཞུང་དང་སློབ་གྲྭ་དང་ཁེ་ལས་མཉམ་སྐྲུན་དང་། ཐོན་སློབ་མཉམ་འདྲེས”ཀྱི་གྲངས་གཞིའི་རྟགས་མཆན་འགོད་ཀྱི་མི་གསོ་སྐྱོང་བྱེད་སྟངས།

12.AGIརིག་ནུས་ཅན་དུས་རབས་ཀྱིAIགྲངས་གཞིའི་རྟགས་མཆན་འགོད་ལས་སྟེགས།

13.AIལག་བརྡའི་ལོ་ཙཱའི་གྲངས་གཞིའི་རྟགས་མཆན་འགོད་ཀྱིས་འགོག་རྐྱེན་མེད་པའི་ཆ་འཕྲིན་འཛུགས་སྐྲུན་ལ་རོགས་རམ་བྱེད་པ།

14 .ཐོན་སློབ་མཉམ་འདྲེས་གསོ་རིག་བརྙན་པར་གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཤེས་ལྡན་པ་གསར་གཏོད་གསོ་སྐྱོང་།

15.ADSགྲངས་གཞིའི་རྟགས་མཆན་འགོད་དངPAIལས་སྟེགས་ཀྱིས་རང་འགུལ་འཁོར་གཏོང་གི་གསར་གཏོད་དང་ཕན་འབྲས་ཆེ་རུ་གཏོང་བར་རོགས་རམ་བྱེད་པ།

16.དཔེ་དབྱིབས་ཆེ་བའི་སྐུལ་མའི་འོག་གི་གྲངས་གཞིའི་རང་བརྟེན་རྟགས་མཆན་འགོད་ཀྱི་རིག་ནུས་ཞབས་ཞུ།

17SIFTལག་རྩལ་གྱིས་འཛམ་གླིང་གི་གཞི་ཁྱོན་ཆེ་བའི་རིག་ནུས་གསོ་རིག་བརྙན་པར་གྲངས་གཞིའི་རྟགས་མཆན་འགོད་ལ་སྣེ་ཁྲིད་བྱེད་པ།

18.ཟབ་སློབ་ལ་ཁ་ཕྱོགས་པའི་གོ་ལ་ཧྲིལ་བོའི་རྒྱང་ཚོར་བརྙན་པར་འཛུགས་སྐྲུན་གྱི་རང་འགུལ་ཕྱེད་མའི་གྲངས་གཞིའི་རྟགས་མཆན་འགོད།

19. གྲངས་གཞིའི་རྟགས་མཆན་འགོད་ལས་སྟེགས་ཡོ་བྱད་ཀྱི་གསར་གཏོད་ལག་ལེན།

20 .སྲིད་དོན་ཐད་སྦྲེལ་རྟགས་མཆན་འགོད་ཐོན་ལས་ཀྱིས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་སྔོག་འདོན་གཏིང་ཟབ་བྱེད་པ།

21.སྐད་རིགས་ཆུང་ངུའི་གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཁྱད་ལྡན་གསར་གཏོད་བྱེད་སྟངས།

22 . གྲངས་གཞིའི་རྟགས་མཆན་འགོད་ལས་སྟེགས་ཀྱིས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ།

23 .གྲངས་གཞི་ཐག་གཅོད་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་རིམ་པའི་གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཐོན་ལས་སྐྱེ་ཁམས་འཛུགས་སྐྲུན་བྱེད་པ།

24 .ལྕགས་སྒྲོམ་བརྙན་ལམ་གྲངས་གཞིའི་རྟགས་མཆན་འགོད་ཀྱིས་ཁྱབ་ཁོངས་མང་བའི་རིག་ནུས་ལྟ་ཞིབ་ཚད་ལེན་ལ་རོགས་རམ་བྱེད་པ།

25.དཔེ་དབྱིབས་མང་བའི་གྲངས་གཞིའི་རང་འགུལ་ཅན་གྱི་རྟགས་མཆན་འགོད་དང་འཕར་སྣོན་ལས་སྟེགས།

26. གྲངས་གཞིའི་རྟགས་མཆན་འགོད་ཀྱིས་སྣུམ་རླངས་རྩད་ཞིབ་དངོས་པོའི་ཆ་འཕྲིན་རིག་ནུས་འགྲེལ་སྒྱུར་བྱེད་པ།

27.སྤུས་ཚད་མཐོ་བའི་དཔེ་དབྱིབས་མང་བའི་སྨན་བཅོསAIསྦྱོང་བརྡར་གྱི་གྲངས་གཞིའི་རྟགས་མཆན་འགོད་སྒྲིག་ཆས་འཛུགས་སྐྲུན།

28. མི་མེད་གནམ་གྲུའི་མཐོང་སྣེ་ལས་མི་སྡོད་ཁོར་ཡུག་གི་གྲངས་གཞི་ཚོམ་གྱི་གྲངས་གཞིའི་རྟགས་མཆན་འགོད།

29.ཚེག་དང་ཐིག་དང་ངོས་ཀྱི་རྒྱང་ཚོར་གྱི་གཞི་ཁྱོན་ཆེ་བའི་ གྲངས་གཞི་ཚོམ་གྱི་གྲངས་གཞིའི་རྟགས་མཆན་འགོད།

30. གྲངས་གཞིའི་རྟགས་མཆན་འགོད་ཀྱིས་གཏེར་རི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ།

31 .མི་མེད་གནམ་གྲུའི་བརྙན་པར་གྲངས་གཞིའི་རྟགས་མཆན་འགོད་ཀྱིས་དམའ་དབྱིངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ།

32. གྲངས་གཞིའི་རྟགས་མཆན་འགོད་ཀྱིས་སྤུས་ཚད་མཐོ་བའི་གྲངས་གཞིའི་ཚོམ་ལ་རྨང་འདིང་བ།

33 . གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཤེས་ལྡན་མི་སྣའི་ཐོན་སློབ་མཉམ་འདྲེས་གསོ་སྐྱོང་ལས་སྟེགས།

34 .བཟོས་ལྗོངས་ཀྱིས་སྐུལ་བའི་སྤུས་ཚད་མཐོ་བའི་དྲང་རིགས་གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།

35.4D-BEVདུང་ཕྱུར་མང་པོའི་དྲ་ཐོག་རྟགས་མཆན་འགོད་མ་ལག

36.མཐོང་སྣང་དཔེ་དབྱིབས་ཆེ་བའི་རང་འགུལ་རྟགས་མཆན་འགོད་གཞི་གཅིག་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་།

37.ཀྲུང་ལུགས་གསོ་རིག་ལས་རིགས་ཀྱི་དཔེ་དབྱིབས་ཆེ་བའི་གྲངས་གཞིའི་རྟགས་མཆན་འགོད།

38.སྤུས་ཚད་མཐོ་བའི་རང་འགུལ་འཁོར་རིགས་ཀྱི་གྲངས་གཞིའི་རྟགས་མཆན་འགོད་དང་ཉེར་སྤྱོད།

39. གྲངས་གཞིའི་རྟགས་མཆན་འགོད་གསར་གཏོད་ཀྱིས་གློག་ཤུགས་ལས་རིགས་ཀྱི་གྲངས་རིག་ཕྱོགས་སྒྱུར་ལ་སྣེ་ཁྲིད་བྱེད་པ།

40.མི་ཐབས་རིག་ནུས་གྲངས་གཞིའི་རྟགས་མཆན་འགོད་དངོས་སྦྱོང་རྟེན་གཞི་བསྐྲུན་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་ས་བསྐྲུན་པ།

41.“AI+ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་”ཀྱིས་གྲངས་གཞིའི་རྟགས་མཆན་འགོད་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རོགས་བྱེད་པ།

42.3Dདྲ་ཐོག་གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཐོན་སློབ་མཉམ་འདྲེས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ།

43.ཚ་ཁུལ་དང་ཚ་ཁུལ་ཕལ་བའི་དཔེ་མཚོན་ས་དངོས་མཁའ་དབྱིངས་རྒྱང་ཚོར་མ་དཔེའི་རྟགས་མཆན་འགོད།

44. ཐོན་སློབ་མཉམ་འདྲེས་ཀྱི་གསར་གཏོད་ལག་ལེན་གྱིས་གྲངས་གཞིའི་རྟགས་མཆན་འགོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་རོགས་རམ་བྱེད་པ།

45.གྲངས་རིག་འཚོལ་བཤེར། ཐོན་སློབ་མཉམ་འདྲེས་རྣམ་པའི་རྟགས་མཆན་འགོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་།

46. AIགྲངས་གཞིའི་རྟགས་མཆན་འགོད་ཀྱིས་ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ།

47.ཡོངས་འཛིན་འཚོལ་བཤེར་མ་ལག་བོད་ཡིག་ཆ་འཕྲིན་ཐག་གཅོད་དང་གྲངས་གཞིའི་རྟགས་མཆན་འགོད།


མཉམ་སྤྱོད།