དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མཐོ་སྒང་རྐང་གྲུག་འགྲན་བསྡུར་སྐབས་གཉིས་པ་ཚེས10ཉིན་སྤེལ་རྒྱུ་རེད།

2025-05-08 14:41:49   |   125

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས7ཉིན། གསར་འགོད་པས“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”རིམ་འདས་སྦྲེལ་འགྲན་སྐབས་གཉིས་པའི་རྩ་འཛུགས་ཨུ་ལྷན་ནས་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རིམ་འདས་སྦྲེལ་འགྲན་དེ་ཟླ5པའི་ཚེས10ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལྟེ་གནས་ནས་མགོ་རྩོམ་རྒྱུ་ཡིན་པ་དང་འགྲན་བསྡུར་ཐོག་མའང་སྤེལ་རྒྱུ་རེད།

01.jpg

མཚམས་སྦྱོར་བྱས་པ་ལྟར་ན། མགོ་རྩོམ་མཛད་སྒོ་དེ་ཆུ་ཚོད14པར་མགོ་བརྩམ་རྒྱུ་དང་། མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དེ་ཐོན་ལས་གྱི་གྲོང་ཁྱེར་དང་གསར་གཏོད་ཀྱི་གྲོང་ཁྱེར། སྒོ་འབྱེད་ཀྱི་གྲོང་ཁྱེར། སྐྱེ་ཁམས་ཀྱི་གྲོང་ཁྱེར། བདེ་སྐྱིད་ཀྱི་གྲོང་ཁྱེར་བཅས་ལེའུ་ལྔ་ཡིས་གྲུབ་ཡོད་པ་དེས། མཚོ་སྔོན་གྱི་རིག་གནས་སྣ་མང་གི་སྒེག་ཉམས་དང་གསོན་སྟོབས་བླ་མེད་མངོན་ཡོད་ལ། དེ་བཞིན་ཟི་ལིང་གིས་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལས་དོན་ཁྲོད་ལྗིད་འདེགས་པ་དང་སྔོན་ལ་མཆོང་པའི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་འགན་འཁྲི་དང་བྱས་རྗེས་མངོན་པར་བྱ་རྒྱུ་རེད། འགྲན་བསྡུར་ཐོག་མ་དེ་མཚོ་སྔོན་རིམ་འདས་སྦྲེལ་འགྲན་རུ་ཁག་དང་ཀུའེ་ཀྲོའུ་སྡེ་བའི་རིམ་འདས་རུ་ཁག་གཉིས་ཀྱིས་འགྲན་རྒྱུ་རེད། འགྲན་བསྡུར་སྐབས་སུ། ཁུལ་དང་གྲོང་ཁྱེར་སོ་སོའི་རིག་རྩལ་འཁྲབ་སྟོན་ཕུལ་བྱུང་འགྲེམ་འཁྲབ་དང་བྱ་དགའ་ཡོད་པའི་བྱེད་སྒོ་སྤེལ་ཏེ་འགྲན་རའི་ཚ་ཚ་འུར་འུར་གྱི་རྣམ་པ་རྒྱུན་མཐུད་དང་། འགྲན་བསྡུར་རྗེས་སུ་ལྟད་མོ་པ་དང་ལུས་རྩལ་པ་གདན་དྲངས་ཏེ་བྲོ་པ་སྟོང་གི་ལུས་སྦྱོང་སྐོར་བྲོའི་བྱེད་སྒོ་སྤེལ་རྒྱུ་རེད།

02.jpg

བྱེད་སྒོའི་ཉིན་དེར། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར་ཚོང་ལས་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པར་དམིགས་ནས། “དག་གཙང་མཚོ་སྔོན། མཐོ་སྒང་ཁྱད་ནོར”ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་བཤམ་ཚོང་བྱེད་སྒོ་སྤེལ་ཏེ། སྐམས་ལུག་ཤ་དང་ནས། པད་ཁ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས200ལྷག་བཤམ་ཚོང་བྱ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པས་མཚོ་སྔོན་གྱི་ལ་གཞས་དང་། རེབ་གོང་རིག་གནས། མགོ་ལོག་གེ་སར། ཧོང་ཀྲུང་གསེར་དངུལ་ཟངས་ཆས། མཚོ་སྔོན་གཙགས་དྲུབ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་བཤམས་སྟོན་གྱི་ནང་དོན་གཙོ་བོར་བྱས་ཏེ། མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་གི་མཛེས་སྡུག་དྲིལ་སྒྲོག་བྱ་རྒྱུ་རེད། ཁྱད་ལྡན་ཟས་རིགས་མྱོང་རོལ་ཁུལ་ཏེ“པའོ་ཅེ་ཁྲོམ་སྲང་དུ་ཞ་ནན་ཀོན་ཁྲོམ་སྲང་འཕྲད་པ“ཞེས་པས་ས་གནས་ཟས་རིགས་ཀྱི་དྲི་ཞིམ་ཡུལ་དངོས་སུ་མྱོང་དཔྱད་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད། ཞིང་ཆེན་ཕྱི་ནང་གཉིས་ཀྱི་གློག་ཚོང་སྟེགས་བུ་དང་དྲ་གྲགས། པོད་མགྲོན་བཅས100ལྷག་གིས་འཁྱུག་དབྱངས་དང་མགྱོགས་འཕྲིན་སོགས་སྟེགས་བུ་ལས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་དྲ་ལམ་ཐད་གཏོང་ཕྱིར་འཚོང་བྱས་ཏེ། མཚོ་སྔོན་གྱི་ཞིང་ཕྱུགས་ཟོང་རྟགས་དྲིལ་སྒྲོག་དང་ངོ་སྦྱོར་བྱ་རྒྱུ་རེད། འཛད་རྫས་རྙིང་པ་གསར་བརྗེ་བྱེད་པའི་སྲིད་ཇུས་མ་ལག་ཁྱོན་ཡོངས་ནས་རྒྱ་བསྐྱེད་དེ། གྲངས་འཛིན་ཐོན་རྫས་དང་ཁྱིམ་ཆས་གློག་ཆས། རླངས་འཁོར་སོགས་རྙིང་ཚབ་གསར་བརྗེས་ཚོང་སྐུལ་བྱེད་སྒོ་སྤེལ་ནས་དམངས་ཕན་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་ཏུ་འཇུག་རྒྱུ་རེད།

03.jpg

ཟླ5པའི་ཚེས10ཉིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པའི་སྟེགས་བུར་མགོ་རྩོམ་མཛད་སྒོ་དང་འགྲན་བསྡུར་ཐོག་མའི་གོ་རིམ་ཆ་ཚང་ཐད་གཏོང་བྱ་རྒྱུ་ཡིན་པས་མཚོ་སྔོན་ཉིན་རེའི་ཚགས་པར་ཀྱི་སྨྱན་སྦྱོར་གསར་པའི་སྟེགས་བུ་དག(ཆིང་ཧེ་ཀོན་ཁྲApp། མཚོ་སྔོན་ཉིན་རེའི་ཚགས་པར་བརྙན་སྟེགས། འཁྱུག་དབྱངས། མགྱོགས་འཕྲིན། པོད་ཕྲན། པི་ལི་པི་ལི། ཀྲུང་གོ་བོད་ཀྱི་དྲ་བའི་དྲ་ཚིགས་དང་བརྙན་སྟེགས། དུས་ཀྱི་ལམ་པ)ལ་གཟིགས་ནས་མཐོ་སྒང་རྐང་གྲུག་གི་མཛེས་ཉམས་འཛད་མེད་ལ་ལོངས་སུ་སྤྱད་ཆོག

07.jpg




མཉམ་སྤྱོད།