དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དེ་རིང་ནས་བཟུང་དངུལ་བུན་སྐྱེད་ཚད་འདི་ཇེ་དམའ་རུ་གཏོང་རྒྱུ་རེད།

2025-05-08 14:50:13   |   559

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས7ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དམའ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་འདུག

08.jpg

ཀྲུང་གོ་མི་དམངས་དངུལ་ཁང་གིས2025ལོའི་ཟླ5པའི་ཚེས8ཉིན་ནས་བཟུང་། མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆའི་ཚེག0.25དམའ་རུ་གཏོང་རྒྱུ་དང་། ལོ5མན(ལོ་ལྔ་ཚུད་པ)དང་ལོ5ཡན་གྱི་མི་སྒེར་གྱི་ཁང་པ་དང་པོ་ཉོ་བའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ཁག་སོ་སོར2.1%དང2.6%ལ་ལེགས་སྒྲིག་བྱ་རྒྱུ་དང་། ལོ5མན(ལོ་ལྔ་ཚུད་པ)དང་ལོ5ཡན་གྱི་མི་སྒེར་གྱི་ཁང་པ་གཉིས་པ་ཉོ་བའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ཁག་སོ་སོར2.525%དང3.075%ལས་མི་དམའ་བར་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་འདུག


མཉམ་སྤྱོད།
Loading...