དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་གྱི་མི14ཨ་རག་རྫུན་མ་འཐུང་ནས་ཤི་བ།

2025-05-13 16:09:21   |   331

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


《དེ་རིང་གི་རྒྱ་གར》ཐོག་ཚེས13ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ཕང་ཀྲེ་ཕུའུ་པང་ཨ་མུའུ་ལི་ཙེ་ས་ཁུལ་དུ་ཨ་རག་རྫུན་མ་འཐུང་སྟེ་ཆང་དུག་ཕོག་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར། གཞན་ཡང་མི6ལ་ཉེན་ཁ་ཡོད་པ་རེད།

7.png

པར་རིས་ཡོང་ཁུངས།《དེ་རིང་གི་རྒྱ་གར》ཐོག་ནས་བླངས།

གནས་ཚུལ་སྤེལ་བར་གཞིགས་ན། ཨ་མུའུ་ལི་ཙེ་ས་ཁུལ་གྱི་མཐོ་རིམ་ཉེན་རྟོག་དཔོན་མ་ཉིང་ཏེ་ཞིན་ཀེས་བཤར་རྒྱུར། “ང་ཚོར་མདང་དགོང་ཆུ་ཚོད9དང་སྐར་མ30ཡས་མས་སུ་གནས་ཚུལ་འབྱོར་བ་དང་། མི་ཞིག་གིས་ཨ་རག་རྫུན་མ་འཐུང་རྗེས་ཤི་བ་རེད་ཅེས་ཟེར། ང་ཚོ་འཕྲལ་དུ་སོང་སྟེ་དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས་ཡོད”ཟེར།

མིག་སྔར། འབྲེལ་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན།


མཉམ་སྤྱོད།