དེ་རིང་ནི2025ལོའི་ཟླ06པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གཏན་དུ་བཞད་པར་བྱེད་དགོས།

2025-05-12 15:36:12   |   515

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་གྱི་དཔལ་ཡོན་འཕེལ་རྒྱས་ལོ་རྒྱུས་ནི་མི་རིགས་མང་པོ་མཉམ་འདྲེས་མཉམ་གནས་ཀྱི་མཚར་སྡུག་ལོ་རྒྱུས་སྙན་ཚིག་ཅིག་རེད། “རི་བོའི་ཕ་ས་དང་གཙང་གསུམ་འབྱུང་ཁུངས”སུ་གྲགས་པའི་མཐོ་སྒང་གི་གནས་མཆོག་འདིར། ལོ་ངོ་ཁྲི་བཞིའི་སྔོན་གྱི་གདོད་མའི་དུས་རབས་ནས་བཟུང་མིའི་རིགས་ཀྱི་དཔལ་ཡོན་གྱི་མྱུ་གུ་འབུས་ཡོད། སྤྱི་ལེ་གྲུ་བཞི་མ་ཁྲི72ཡོད་པའི་ཡུལ་གྲུའི་འདིའི་སྟེང་། རྒྱ་རིགས་དང་བོད་རིགས། ཧུའེ་རིགས་དང་ཧོར་རིགས། ཟ་ལར་རིགས་དང་སོག་རིགས་སོགས་མི་རིགས་སོ་སོ་སེ་འབྲུའི་ཚི་གུ་བཞིན་དུ་དམ་པོར་སྦྲེལ་བ་དང་། “རང་གི་རྒྱན་གྱིས་རང་ཉིད་བརྒྱན་པ་དང་། རྒྱན་ཐོག་རྒྱན་བརྩེགས་ཐམས་ཅད་མཛེས་པ”ཡི་དཔལ་ཡོན་གྱི་མཚར་སྡུག་གྲུབ་ཡོད། འབྲེལ་འདྲིས་འདི་ནི་ལཱ་ཀྱཱ་གནའ་ཤུལ་གྱི་ཐུག་པའི་ཁྲོད་དུ་འདུས་ལ།  གྲོ་ཚང་རྡོ་རྗེ་འཆང་གི་ལྡེབས་རིས་ལས་མངོན་ཡོད། དེ་བས་ཀྱང་དེང་རབས་མཚོ་སྔོན་གྱི་བུ་དང་བུ་མོའི་རོགས་རེས་འབྲེལ་འདྲིས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་མངོན་པ་དང་། ཀྲུང་ཧྭ་མི་རིགས་སྣ་མང་གཅིག་འདུས་ཀྱི་མཚོན་དོན་ཟབ་མོ་གང་ལེགས་སྒོས་གསལ་འགྲེལ་བྱས་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མི་རིགས་མཐུན་སྒྲིལ་གྱི་མཚར་སྡུག་ལེའུ་བྲིས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་མཚོ་སྔོན་གྱིས་འཐུས་ཚང་དང་ཡང་དག་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། གཙོ་གཞིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་གཙོ་གཞིའི་བླང་བྱ་ལག་བསྟར་བྱས་ཏེ། གཙོ་གཞི་ནི་མཚོ་སྔོན་གྱི་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཡོངས་ལ་ཁྱབ་པར་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གཏིང་ཟབ་ངང་སྤེལ་བ་དང་། དཔེ་སྟོན་ཞིང་ཆེན་གསར་འཛུགས་ལ་སྐུལ་འདེད་བྱེད་པ་ནི“གྲངས་འབོར་མང་བ”ནས“དཔེ་སྟོན་སྣེ་ཁྲིད”དུ་འགྱུར་བ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་འགུལ་སྐྱོད་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས་ཐོན་ལས“གནས་བཞིའི”འཛུགས་སྐྲུན་ཐབས་ལམ་གསར་པར་ནུས་པ་འདོན་སྟངས་འཚོལ་ཞིབ་བྱེད་པ། “ཡར་ཐོན་བཅུ”ཡི་ཁྱབ་ཁོངས་ཧུར་ཐག་གིས་རྒྱ་བསྐྱེད་པ། “འགུལ་སྐྱོད་བཅུ”ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། “སེ་འབྲུའི་ཚི་གུ”ལ་འབྲས་བུ་སྨིན་པ་དང“མཐུན་སྒྲིལ་མེ་ཏོག”བཞད་པར་བྱེད་དགོས།

མཚོ་སྔོན་ནི་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་མཉམ་འདྲེས་སྣ་མང་གཅིག་འདུས་ཀྱི་དཔེ་སྟོན་ས་ཁུལ་ཡིན། མཚོ་སྔོན་ལ་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་རྒྱུན་རིང་ཡོད་པ་དང་། དེ་ནི་རུས་རྐང་ལ་འཐིམས་པའི་བསམ་པའི་གཞི་རྒྱུ་ཡིན་ལ། མི་རིགས་སོ་སོའི་གཅེས་སྤྲས་བྱེད་པའི་ཚེ་སྲོག་གི་རྒྱུན་ཐག་ཡིན། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་ནང་དུ“ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་དང་། མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་མུ་མཐུད་ནས་སྐུལ་འདེད་དང་། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་འགྲོས་ཇེ་མགྱོགས་སུ་གཏོང་དགོས”པ་བསྟན་ཡོད།

མདུན་སྐྱོད་ཀྱི་ལམ་ཁར། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་སྟེ། མི་རིགས་སོ་སོ་ཕྱོགས་ཡོངས་ནས་འདྲེས་པར་སྐུལ་འདེད་དང་། མི་རིགས་སོ་སོ་ཡི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་བསྡུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་གཞི་འཛིན་སར་བྱེད་པ་རྒྱུན་འཁྱོངས། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་གསུང་ལ་མཉན་པ། ཏང་གི་རྗེས་སུ་འབྲངས་པར་ཁྲིད་སྟོན་དང་། རིགས་སོ་སོའི་མི་དམངས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གཏན་དུ་བཞད་པར་བྱེད་དགོས།


མཉམ་སྤྱོད།