དེ་རིང་ནི2025ལོའི་ཟླ06པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུ་རིམ་པ5.5ཅན་གྱི་ས་ཡོམ་བྱུང་འདུག

2025-05-12 11:53:17   |   415

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་ས་ཡོམ་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ5པའི་ཚེས12ཉིན་གྱི་ཆུ་ཚོད5:11སྟེང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུ་ས་ཡོམ་རིམ་པ5.5བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10ཟིན་པ་དང་ཡོམ་ལྟེ་དེ་བྱང་གི་འཕྲེད་ཐིག་ཏུའུ28.91དང་ཤར་གྱི་གཞུང་ཐིག་ཏུའུ87.54སྟེང་ཡོད།

ཡོམ་ལྟེ་ནས་ལྷ་རྩེ་རྫོང་དང་བར་ཐག་སྤྱི་ལེ21དང་། ས་སྐྱ་རྫོང་དང་བར་ཐག་སྤྱི་ལེ47དང་། དིང་རི་རྫོང་དང་བར་ཐག་སྤྱི་ལེ49དང་། ངམ་རིང་རྫོང་དང་བར་ཐག་སྤྱི་ལེ53དང་། གཏིང་སྐྱེས་རྫོང་དང་བར་ཐག་སྤྱི་ལེ65དང་། གཞིས་ཀ་རྩེ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ136དང་། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ357བཅས་ཡོད། 

4.png

ཡོམ་ལྟེ་ནས་སྤྱི་ལེ5ཡི་ཁྱབ་ཁོངས་ཀྱི་ཆ་སྙོམས་མཚོ་འཕགས་སྨི5019ཙམ་ཡིན།


མཉམ་སྤྱོད།