དེ་རིང་ནི2025ལོའི་ཟླ06པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་རིམ་འདས་རྐང་གྲུག་འགྲན་སྡུར་མགོ་བརྩམས། མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་མགོ་རྩོམ་མཛད་སྒོའི་སྟེང་མངོན།

2025-05-12 09:52:44   |   533

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས10ཉིན་གྱི་ཆུ་ཚོད14སྟེང་། “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”རིམ་འདས་འགྲན་སྡུར་སྐབས་གཉིས་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འཚོག་མགོ་བརྩམས། ལྟད་མོ་བ་ཁྲི་གསུམ་ལྷག་གིས་མཉམ་གཅིག་ཏུ་རྐང་གྲུག་གི་གསོལ་སྟོན་འདི་ལ་བལྟས་ཤིང་། རྐང་གྲུག་འགྲན་སྡུར་གྱི་གར་སྟེགས་ཆེན་མོ་འདི་ལ་བརྟེན་ནས་མཚོ་བྱང་ཁུལ་གྱིས་ཐོན་ལས་དང་རིག་གནས། གསོན་ཤུགས་བཅས་མཉམ་དུ་འདྲེས་པའི་སྙན་འཇེབས་རོལ་མོ་ཞིག་དལ་གྱིས་དཀྲོལ།

མཚོ་བྱང་ཁུལ་གྱིས་ཐེངས་འདིའི་གསོལ་སྟོན་ཆེན་མོ་གོ་སྐབས་སུ་བརྩིས་ཏེ། འོས་སྦྱོར་བྱེད་སྟངས་གསར་པ་གསར་གཏོད་ཧུར་ཐག་བྱས་ཏེ། ཕྱོགས་མང་བོ་ནས་མཚོ་བྱང་གི་ཁྱད་ལྡན་ཐོན་ལས་དང་སྣ་མང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད།  ལྷག་པར་དུ་མཚོ་བྱང་ཁུལ་གྱི་བཀྲ་ཤིས་གཡང་ནོར་ཏེ“ནོར་དཀར”ནི་བལྟས་ན་ངོ་མཚར་ཆེ་བ་ཞིག་ཡིན་པས། མཚོ་བྱང་ནོར་དཀར་གྱི་སྙན་པ་སྔར་ལས་ཆེ་རུ་སོང་ཡོད།

ཁྱད་ལྡན་ཐོན་རྫས་འགྲེམ་ཁུལ་དུ། མཚོ་བྱང་ཞིང་འབྲོག་ཁེ་ལས་དང་། གཟུགས་མེད་ཤུལ་བཞག་ཁེ་ལས་ཀྱིས་མདོ་ལའི་བོད་ལུག་དང་ནོར་གནག་ཐོན་རྫས། ཤ་མོ་སེར་པོ། ནས་སོགས་ཁྱད་ལྡན་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་བྱས་ཡོད། གཟུགས་མེད་ཤུལ་བཞག་རིག་གནས་ཁུལ་དུ། མདོ་ལའི་གཙག་དྲུབ་དང་གསོ་བྱེད་སྔས་འབོལ། ནས་སོག་རི་མོ་སོགས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག “ཐོན་རྫས་འདི་དག་ནི་ང་ཚོས་ཧུས་ཐག་གིས་བཟོས་ཏེ་འགྲུབ་པ་ཡིན། འདིའི་དམིགས་ཡུལ་ནི་མཚོ་བྱང་གི་ཐོན་རྫས་ལེགས་པོ་དག་མི་སྔར་ལས་མང་པོར་ཤེས་སུ་འཇུག་ཆེད་ཡིན”འགྲེམ་སྟོན་དུ་ཞུགས་པའི་ཁེ་ལས་ཀྱི་འགན་འཁུར་བ་ལི་ཧུང་ཞིན་གྱིས་གཟི་བརྗིད་ཆེ་བའི་ངང་དེ་ལྟར་བཤད།

མཚོ་བྱང་ཁུལ་གྱི་འགྲེམ་སྟོན་ཐོན་རྫས་ཕུན་སུམ་ཚོགས། མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་ཁུལ་དུ་སྐམས་ལུག་ཤ་དང་། ནོར་གནག་གི་གློ་སྙིང་མཆིན་གསུམ་གྱི་འཚོ་བཅུད་ཐིད་ཀྱི་ཐོན་རྫས། པགས་ཐུད། སྟར་བུ། ཤ་མོ་སེར་པོ། སྣུམ། ནས། སྦྲང་རྩིའི་ཐོན་རྫས། ཤྭ་བའི་ཐོན་རྫས། གླ་རྩི། འོ་མའི་ཐོན་རྫས། ཞོག་ཁོག ཁུ་ལི། རྭ་ཅོའི་སོ་མང་སོགས“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་སྤྱི་སྤྱོད་ཆས་རྟགས་སྤུས་ལེགས་མཛོད་ཀྱི་སྤུས་ལེགས་ཐོན་རྫས་རྣམས་འགྲེམ་སྟོན་བྱས་ཡོད་ལ། རིགས་ཆེན་པོ14ཡི་ཐོན་རྫས་སྣ་ཁ176གཅིག་སྡུད་ཐོག་འགྲེམ་སྟོན་བྱས་ཡོད། འགྲེམ་ཁུལ་ཡུལ་དངོས་སུ་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བྲོ་བ་མྱོང་ཞོར་དུ་ཐོན་རྫས་ཉོས་པ་དང་། མཚོ་བྱང་གི་ཐོན་རྫས་ཆས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།

རྒྱུས་ལོན་པ་ལྟར་ན། ཉིན་དེར་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་དང་དྲ་ཕྱི་ནས་ཕྱིར་ཚོང་བྱས་པའི་སྡོམ་འབོར་སྒོར་ཁྲི9.72ཟིན་ལ།  དེའི་ནང་དྲ་ཕྱི་ནས་སྒོར་ཁྲི8.4ལྷག་ཙམ་དང་། གློག་རྡུལ་ཚོང་ལས་ཀྱི་ཐད་གཏོང་ཕྱིར་ཚོང་ལས་སྒོར་ཁྲི1.2ལྷག་ཙམ་ཟིན་ཡོད། དེ་ནི་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད།  ཐོན་ལས་འཕེལ་རྒྱས་ཀྱི་མགོ་ཚུགས་ས་གསར་པ་ཞིག་ཀྱང་རེད།


མཉམ་སྤྱོད།