དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སློབ་སྦྱོང་སློབ་གསོའི་སྐབས་སུ་སྒྲིག་འགལ་གྱིས་ཆང་འཐུང་བ་དང་། མི་གཅིག་གིས་ཆང་འཐུང་སྟེ་ཤི་བ་སྦ་གསང་བྱས་པའི་སྐོར་གྱི་བརྡ་ཁྱབ།

2025-05-14 10:38:29   |   293

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉིན་ཤས་གོང་། ཀྲུང་དབྱང་རིམ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་ཆེད་དོན་འཛིན་གྲྭ་དང་ཀྲུང་དབྱང་སྒྲིག་ཨུ་གཞུང་དོན་ཐིང་གིས་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཁྱེར་དང་ལུའོ་ཧྲན་རྫོང་གི་ལས་བྱེད་པ10ཡིས་སློབ་སྦྱོང་སློབ་གསོའི་རིང་སྒྲིག་འགལ་ངང་བཟའ་འཐུང་བྱས་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེན་འགལ་བའི་གནད་དོན་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་།

ཞིབ་བཤེར་བྱས་པ་ལྟར་ན།

  • ཟླ3པའི་ཚེས21ཉིན། ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཁྱེར་ལུའོ་ཧྲན་རྫོང་ཨུ་དང་རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་སྔ་རྗེས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་གསོ་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ལུའོ་ཧྲན་རྫོང་ཨུའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཞན་ལིན་གོང་གསལ་གྱི་ཚོགས་འདུ་གཉིས་ལ་ཞུགས།

  • ཟླ3པའི་ཚེས22ཉིན་གྱི་ཉིན་གུང་། ལི་ཞན་ལིན་གྱིས་གཞུང་དོན་དྲང་གཞག་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་སྒྲིག་འཛུགས་བྱས་ཤིང་། ཞིན་དབྱང་གྲོང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཡེ་ཅིན་ཀོང་དང་། གྲོང་ཁྱེར་སྲིད་ཁྲིམས་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་རིམ་པ་གསུམ་པའི་བརྟག་ཞིབ་པ་ལིན་ཀྲི་ཡིའུ། གྲོང་ཁྱེར་སྲིད་ཁྲིམས་ཨུ་ལྷན་གྱི་ལྟ་སྐུལ་གཞུང་དོན་ཁང་གི་རིམ་པ་བཞི་པའི་བརྟག་ཞིབ་པ་པའོ་ཆན་དང་། བདེ་འཇགས་འཛུགས་སྐྲུན་ཚན་ཁག་གི་ཁོའོ་ཀྲང་ཀྲང་ཡུས། ལའོ་ཧྲན་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཞིབ་དཔྱོད་དཔོན་ཏོན་ཝེ་ཝེ། ལའོ་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུའི་སྲིད་ཨུ་ཝང་ཧའེ་དབྱང་བཅས་ཞིན་དབྱང་གྲོང་ཁྱེར་གྱི་ཟ་ཁང་ག་གེ་མོ་ཞིག་ཏུ་མཉམ་དུ་འཛོམས་ནས་ཟ་མ་ཟོས། ལའོ་ཧྲན་རྫོང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་ཧོང་ཅ་ཁྲེང་དང་ཧྥང་ཅན་ཁྲེང། ཞ་ཡུས་བཅས་ཞུགས། ལི་ཞན་ལིན་དང་ལིན་ཀྲི་ཡིའུ། ཏོན་ཝེ་ཝུའེ། ཝང་ཧའེ་དབྱང་། ཞ་ཡུས་བཅས་མི་ལྔ་ཡིས་ཨ་རག་དཀར་པོ་དམ་བུ་བཞི་འཐུང་བ་དང་། མི་གཅིག་གིས་ཆང་འཐུང་རྗེས་ཉིན་དེའི་ཕྱི་དྲོར་ཤི།

  • དོན་རྐྱེན་བྱུང་རྗེས། ལུའོ་ཧྲན་རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་རྫོང་ཨུ་ལ་སྙན་ཞུ་ཕུལ་ནས་ཤི་བའི་མི་སྣས་ཆང་རག་འཐུང་བའི་གནས་ཚུལ་སྦ་གསང་བྱས་པ་དང་རྫོང་ཨུའི་ཧྲུའུ་ཅི་ཡུས་གོ་ཧྥང་གིས་སྙན་ཞུ་དེ་དོན་དངོས་དང་མི་མཐུན་པ་ཤེས་ཀྱང་གོང་རིམ་ཏང་རྩ་འཛུགས་ལ་སྙན་སེང་མ་ཞུས། སྒྲིག་འགལ་ངང་ཆང་འཐུང་བ་དང་མི་གཅིག་ཤི་བའི་དོན་དངོས་གཡོ་འགེབས་བྱ་ཆེད། ལི་ཞན་ལིན་སོགས་མི་ལྔ་ཡིས་མ་དངུལ་གྲབས་གསོག་བྱས་ནས་འདས་པོའི་ཁྱིམ་མིར་གུན་གསབ་སྤྲད་པ་དང་། དེའི་ནང་ལི་ཞན་ལིན་དང་ཏོན་ཝེ་ཝེ་ཡི་མ་དངུལ་ཁག་ཅིག་དོ་དམ་ཞབས་ཞུ་བྱ་ཡུལ་ལ་སྐྱིས་ཡོད།

    སྒྲིག་འགལ་བཟའ་འཐུང་གི་གནད་དོན་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བའི་སྐབས་སུ་བྱུང་བ་ཞིག་ཡིན་ཞིང་། དེ་ནི་སྒྲིག་ཁྲིམས་སྣང་མེད་དང་། གནད་འགག་སྐབས་སུ་སྒྲིག་འགལ་བྱས་པའི་དཔེ་མཚོན་ཞིག་ཡིན་པས། ངོ་བོ་ཧ་ཅང་ཚབས་ཆེ་བ་དང་ཤུགས་རྐྱེན་ཧ་ཅང་ངན་པ་ཐེབས་ཡོད་པས་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས། གནད་དོན་བྱུང་རྗེས་ཧོ་ནན་ཞིང་ཨུས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཞིང་ཆེན་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱིས་རིམ་པ་མཐོ་རུ་བཏང་ནས་གཉེར་སྒྲུབ་བྱས་ཏེ་འབྲེལ་ཡོད་འགན་འཁུར་བར་ཐག་གཅོད་ཀྱི་ཆད་པ་བཅད་པ་སྟེ།

  • མ་གཞིར་ལི་ཞན་ལིན་ལ་ཏང་ཁོངས་ནས་འབུད་པ་དང་སྲིད་དོན་གནས་དབྱུང་གཏོང་བའི་ཆད་པ་གཅོད་དགོས་མོད། དེར་ད་དུང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གཞན་དག་གི་དོགས་གཞི་ཡོད་པས། གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་དང་འབྲེལ་བཀག་ཉར་བྱས་པ་དང་། ཆད་པ་རྗེས་ནས་མཉམ་དུ་གཅོད་རྒྱུ་རེད།

  • ཡེ་ཅིན་ཀོང་ལ་ཏང་ཁོངས་ནང་བཞག་ནས་ལྟ་ཞིབ་ལོ་གཉིས་བྱེད་པ་དང་སྲིད་དོན་གོ་གནས་ཕྱིར་འཐེན་བྱེད་པའི་ཆད་པ་བཅད་པ་དང་། རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་དུ་མར་ཕབ།

  • ལིན་ཀྲི་ཡིའུ་ལ་ཏང་ཁོངས་ནང་བཞག་ནས་ལོ་གཅིག་ལྟ་ཞིབ་བྱེད་པ་དང་སྲིད་དོན་གོ་གནས་ཕྱིར་འཐེན་བྱེད་པའི་ཆད་པ་བཅད་པ་དང་། རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་དུ་མར་ཕབ་པ་དང་སྒྲིག་བཤེར་ལྟ་ཞིབ་མ་ལག་ནས་ལས་གནས་སྤར་དུ་བཅུག

  • ཏོན་ཝེ་ཝེ་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་སྲིད་དོན་གོ་གནས་མེད་པར་བཟོ་བའི་ཆད་པ་བཅད་པ་དང་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་དུ་ཕབ་པ་དང་། སྲིད་ཁྲིམས་ཁོངས་གཏོགས་ནས་ལས་གནས་སྤར་དུ་བཅུག

  • ཝང་དབྱང་ལ་ཏང་ནང་གི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་སྲིད་ཁྲིམས་ཁོངས་གཏོགས་ནས་ལས་གནས་སྤར།

  • པའོ་ཆན་ལ(ཀྲུང་གུང་ཏང་ཡོན་མིན་པ)སྲིད་དོན་གྱི་ཚབས་ཆེའི་ཉེས་ཐོ་འགོད་པའི་ཆད་པ་བཅད།

  • ཀྲང་ཡུས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད། ཧོང་ཅ་ཁྲེང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་སྲིད་ཁྲིམས་ཁོངས་གཏོགས་ནས་ལས་གནས་སྤར།

  • ཧྥང་ཅན་པིན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད།

  • ཡུས་གོ་ཧྥང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་ལག་བསྟར་བྱས་པ་མི་འདང་བས་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད།

  • ལུའོ་ཧྲན་རྫོང་གི་རྫོང་དཔོན་གཞོན་པའམ་སྤྱི་བདེ་ཅུའི་ཅུ་ཀྲང་ལི་ཁྲའོ་ཡིས་ལི་ཞན་ལིན་གྱིས་ཁོ་རང་གདན་འདྲེན་བྱེད་སྐབས་བཀག་འགོག་མི་བྱེད་པ་དང་དྲན་སྐུལ་མི་བྱེད་པར་མ་ཟད། དེ་ལས་ལྡོག་སྟེ་ཝང་ཧའེ་དབྱང་ཞུགས་རྒྱུའི་བཀོད་སྒྲིག་བྱས་པས། ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད།

  • ཞིན་དབྱང་གྲོང་ཨུ་དང་གྲོང་ཨུའི་སྲིད་ཁྲིམས་ཨུ་ལྷན། གྲོང་ཁྱེར་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་བཅས་དང་ལུའོ་ཧྲན་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་སྒྲུབ་ཤུགས་མི་འདང་བ་དང་། སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་བ་ནན་མོ་དང་དངོས་འབེབས་མིན་པས་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི་ཚའེ་སུང་ཐའོ་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བཀའ་ཕབ།

  • གྲོང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཅིན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད།

  • གྲོང་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི་ཝང་ཅུན་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བཀའ་ཕབ།

  • ལུའོ་ཧྲན་རྫོང་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི་ཀྲང་པོ་ལ་བསླབ་འདོམས་སྐུལ་ལྕག་གི་ཐག་གཅོད་བྱས།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་ལག་བསྟར་བྱེད་པ་ནི་ང་ཚོའི་ཏང་གིས་དུས་རབས་གསར་པར་ཡིད་རྟོན་འཛུགས་པའི་བྱེད་ཐབས་ཤིག་ཡིན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ངེས་པར་དུ་ཡུན་རིང་བརྟན་སྲུང་བྱེད་དགོས་པའི་སྒྲིག་ལམ་བརྟན་པོ་དང་ཚད་གཞི་བརྟན་པོ་ཞིག་ཡིན། ཏང་ཀྲུང་དབྱང་གིས་རྔ་རྡུང་དྲག་པོ་དང་བཀའ་རྒྱ་གསུམ་དང་གསལ་བསྒྲགས་ཡང་ཡང་བྱས་པ་དང་། ད་ལོ་ཡང་ཏང་ཡོངས་སུ་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད། གནས་བབ་དེ་འདྲའི་འོག་ལི་ཞན་ལིན་དང་ཡེ་ཅིན་ཀོང་སོགས་སློབ་སྦྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ་དང་། ཕྱོགས་གཅིག་ནས་སྒྲིག་འགལ་གྱི་གསོལ་སྟོན་སྒྲིག་འཛུགས་སམ་དང་ལེན་བྱས་པས་ཐག་གཅོད་ཚབས་ཆེན་དེ་དག་ནི་རང་སྡིག་རང་གིས་མྱོས་པ་ཞིག་ཡིན། དེའི་ཐོག་ནས་ལས་བྱེད་པ་ཁ་ཤས་ཀྱི་ཆབ་སྲིད་འདུ་ཤེས་ཧ་ཅང་ཞན་པ་དང་། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་བློ་སྟོབས་ལ་ངོས་འཛིན་གསལ་པོ་མེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་པ། དེ་ལ་གུས་སྣང་དང་སྐྲག་སྣང་སྤུ་ཙམ་ཡང་མེད་པ་བཅས་མཚོན་ཡོད། གནད་དོན་དེ་རིགས་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ། བྱུང་མ་ཐག་རྡུང་རྡེག་གཏོང་བ་དང་། ཞིབ་བཤེར་ནན་པོ་དང་མགྱོགས་མྱུར་ཐག་གཅོད། ཡོངས་བསྒྲགས་བརྡ་ཁྱབ་བཅས་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་།


མཉམ་སྤྱོད།