དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྨན་རྫས་ཁེ་ལས་གསུམ་གྱིས་སྨན་རྫས་རྒྱུ་ཆ་སྒེར་སྡེམ་བྱས་པར་སྒོར་དུང་ཕྱུར3.25ཡི་ཆད་པ་དང་གཞུང་བཞེས་བྱས།

2025-05-15 09:38:19   |   329

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བས་ཟླ5པའི་ཚེས14ཉིན་གློག་འཕྲིན་འབྱོར་གསལ། ཏི་སའེ་སྨི་སུང་ལིན་སྐྱུར་ནཱ་སྨན་རྫས་རྒྱུ་ཆ་སྒེར་གཅོད་བྱས་པའི་དོགས་གཞི་ཡོད་པས་ཞན་ཅུས་སྨན་བཟོ་དང་ལན་ཧོན་སྨན་ལས།  ཅིན་ཡོ་སྨན་ལས་བཅས་ལ་བསྟུད་མར་ཆད་པ་བཅད།

ཆད་གཅོད་དང་གཞུང་བཞེས་བཏང་བའི་དངུལ་གྲངས་མང་ཉུང་ལ་གཞིགས་ནས་ཞན་ཅུས་སྨན་བཟོ་དང་། ཅིན་ཡོ་སྨན་ལས། ལན་ཧོན་སྨན་ལས་བཅས་དང་འབྲེལ་བ་ཡོད་པའི་ཆད་གཅོད་དང་གཞུང་བཞེས་བཏང་བའི་དངུལ་གྲངས་སོ་སོར་སྒོར་དུང་ཕྱུར1.95དང་། སྒོར་ཁྲི6919དང་། སྒོར་ཁྲི6104ཟིན་ལ་ཁྱོན་སྡོམ་སྒོར་དུང་ཕྱུར3.25སླེབས་ཡོད། ཅིན་ཡོ་སྨན་ལས་ལ་ལོ་བཞིའི་རིང་སྒེར་སྡེམ་ཆད་པ་ཐེངས་བཞིར་བཅད་པ་དང་། རིམ་རྩིས་བྱས་ན་ཆད་གཅོད་དང་གཞུང་བཞེས་སྒོར་དུང་ཕྱུར1.7ལས་བརྒལ་ཡོད་པ་ཤེས་རྟོགས་བྱུང་།


མཉམ་སྤྱོད།