དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིག་རྩྭ་ཐང་གི་སྐྱེ་ཁམས་ཁོར་སྲུང་མཁན།

2025-05-15 15:00:55   |   615

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཁོང་གསེང་དུ་དམིགས་བསལ་གྱི་སྐྱེ་ཁམས་སྲུང་སྐྱོབ་རུ་ཁག་ཅིག་ཡོད་དེ། ཆུ་འཁོར་བུད་མེད་ཁོར་སྲུང་རུ་ཁག་ཅེས་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་ཡོད། ཐེངས་འདིར་ང་ཚོ་བཅར་འདྲི་ཚོགས་པས་བུད་མེད་ཁོར་སྲུང་རུ་ཁག་དེའི་རུ་མི་རེ་གཉིས་ལ་བཅར་འདྲི་བྱེད་པའི་སྐལ་བ་བྱུང་བས། ཁོ་མོ་ཚོའི་མཛེས་སྡུག་གི་ཁྱིམ་གཞིས་སྲུང་བའི་ལྗང་མདོག་གི་གཏམ་རྒྱུད་ལ་ཉན་པ་ཡིན།

1~4.jpg

2016ལོར་ཆུ་འཁོར་ཁོར་སྲུང་ས་ཚིགས་དེ་བཙུགས་པ་དང་། ས་གནས་རང་གི་ཆ་རྐྱེན་ཅུང་ཞན་པའི་ཁྱིམ་ཚང་ནས་ཡོང་བའི་ཁོར་སྲུང་བ་བརྒྱད་ཅུ་ལྷག་གིས་གྲུབ་པའི་ཁོར་སྲུང་རུ་ཁག་དེས་ཨ་རིག་ས་ཁུལ་གྱི་རི་ཆུ་ནགས་གསུམ་གྱི་སྲུང་སྐྱོབ་དང་། རྩྭ་ཐང་དང་ནགས་ཚལ་གྱི་མེ་ཟོན་སོགས་ཀྱི་ཐད་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་ཡོད།

2~2.jpg

ཆུ་འཁོར་ཁོར་སྲུང་དོ་དམ་ས་ཚུགས་དེ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་སུ་གནས་ཤིང་། ཡུལ་འདིའི་རང་བྱུང་ཆ་རྐྱེན་ཞན་ཡང་སྐྱེ་ཁམས་ཁོར་ཡུག་ནི་མི་སེམས་འགུལ་ཅིང་ལྟ་ན་སྡུག་པ་ཞིག་ཏུ་མངོན། ཁོར་སྲུང་ས་ཚིགས་དེ་བཙུགས་པའི་ཚུན་ལ། ས་གནས་རང་གི་ཆ་རྐྱེན་ཅུང་ཞན་པའི་ཁྱིམ་ཚང་དག་ལ་ལས་དབང་བསྒྱུར་བའི་གོ་སྐབས་ཐུན་མོང་མ་ཡིན་པ་ཞིག་འདོན་སྤྲོད་བྱས། ཁོར་སྲུང་བ་བརྒྱད་ཅུ་ལྷག་གི་གྲས་སུ་མང་ཆེ་བ་བུད་མེད་ཡིན་པ་དང་། ཁོ་མོ་ཚོས་ལྗང་མདོག་དང་དག་གཙང་གི་རི་ཆུར་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ལྗིད་མོ་ཁུར་དུ་བླངས་ཏེ་ཉིན་མཚན་ཁོར་མོ་ཡུག་ཏུ་ཟོལ་མེད་དང་ནན་ཏན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད།

3~2.jpg

བུད་མེད་དེ་དག་ཁོར་སྲུང་རུ་ཁག་ཏུ་ཞུགས་རྗེས། ཡོང་འབབ་གཏན་འཇགས་ཡིན་པས་ཁོ་མོ་ཚོའི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བཞིན་ཡོད།

དུས་རྒྱུན་གྱི་ཁོར་སྲུང་དོ་དམ་བྱ་བའི་ཁྲོད་དུ། སྤྱིར་བཏང་གི་བུད་མེད་དེ་དག་གིས་སྤྱིར་བཏང་མ་ཡིན་པའི་བརྩོན་སེམས་དང་བློ་གྲོས་མངོན་པར་བྱས་པ་དང་། ཁོ་མོ་ཚོས་རང་ཉིད་ཀྱི་ཁོར་སྲུང་ལམ་ལུགས་གཏན་འབེབས་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་། ཆུ་ཁུངས་བཅས་ལ་སྲུང་སྐྱོབ་གང་ལེགས་བྱས། ཚ་གདུག་ཆེ་བའི་དབྱར་ཁ་དང་འཁྱག་གྲང་ཆེ་བའི་དགུན་ཁ་གང་ཡིན་ཡང་། བུད་མེད་དེ་དག་གིས་ལས་གནས་བརྟན་སྲུང་བྱས་ཡོད་ལ། རྔུལ་ཆུ་དང་འབད་བརྩོན་ལ་བརྟེན་ནས་ལྗང་མདོག་གི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་བཞིན་ཡོད། ཆུ་འཁོར་ཁོར་སྲུང་ས་ཚིགས་ཀྱི་ཁོར་སྲུང་བ་གཡང་སྒྲོན་གྱིས་བཤད་རྒྱུར། ཁོ་མོ་ཚོ་མི་རེ་རེར་རང་རང་གི་ལས་བགོས་ཡོད་ཅིང་། ལ་ལས་རི་མགོ་དང་ནགས་ཚལ་དུ་སྐོར་ཞིབ་བྱེད་པ་དང་། ལ་ལས་མེ་ཟོན་དྲིལ་སྒྲོག་བྱེད་ལ། ལ་ལས་གད་སྙིགས་འཐུས་ནས་ནགས་ཚལ་དང་ཆུ་ཁུངས་གཙང་བསྒྱུར་བྱེད་བཞིན་ཡོད། ཁོ་མོ་ཚོའི་བྱ་བར་དཀའ་སྡུག་ཆེ་ཡང་མདོ་ལ་རི་བོའི་སྐྱེ་ཁམས་སྔར་ལས་མཛེས་སྡུག་ལྡན་པ་མཐོང་ཚེ་ཁོ་མོ་ཚོའི་གདོང་ནས་སྤྲོ་སྐྱིད་ཀྱི་འཛུམ་མདངས་མངོན་བཞིན་མཆིས།

བུད་མེད་ཁོར་སྲུང་བ་དེ་དག་གིས་དཀའ་སྤྱད་འབད་བརྩོན་བྱས་པ་ལས་ཆུ་འཁོར་ཁོར་སྲུང་ས་ཚིགས་དེ་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དར་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་། 2025ལོར་སྐྱེ་ཁམས་ཁོར་སྲུང་རུ་ཁག་དེར་རྒྱལ་ཡོངས་གསུམ་བརྒྱད་དར་དམར་ཐུན་མོང་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད་ལ། དེ་ནི་ཁོ་མོ་ཚོས་ལོ་མང་བོའི་རིང་བརྟན་སྲུང་དང་འབད་འབུངས་བྱས་པའི་བྱ་བར་ཁས་ལེན་གང་ལེགས་ཐོབ་པའི་དན་རྟགས་ལྟ་བུར་མངོན།

4~1.jpg

རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་རིམ་པ་སོ་སོ་ནས་ཐོབ་པའི་མཚན་སྙན་དེ་དག་རུ་མི་ཚང་མར་དབང་བ་དང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་མི་ཚང་མར་ཡང་དབང་བ་ཡིན། ཁོ་མོ་ཚོས་གཟི་བརྗིད་མཚན་སྙན་དེར་གཅེས་སྤྲས་བྱས་ཏེ་མུ་མཐུད་དུ་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཡོད།

དུས་རབས་གསར་བའི་བགྲོད་ལམ་གསར་བའི་སྟེང་དུ་བུད་མེད་ཁོར་སྲུང་བ་དེ་དག་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། དཀའ་ཚེགས་ལ་མི་འཛེམ་པར་རང་ཉིད་ཀྱི་ཆེད་ལས་བྱང་ཚད་དང་ཁོར་སྲུང་ནུས་པ་མཐོར་འདེགས་བྱས་ནས། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་ཆོད་སེམས་བརྟན་པོ་ཡོད་ལ། ཁོ་མོ་ཚོས་སེམས་ཤུགས་གཅིག་སྒྲིལ་བྱས་ན་མདོ་ལ་རི་བོའི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་སྲིད་པ་བསྙོན་མེད་རེད། ཆུ་འཁོར་ཁོར་སྲུང་ས་ཚིགས་ཀྱི་ཁོར་སྲུང་བ་གཡང་མཚོ་ཡིས་བཤད་རྒྱུར། མདོ་ལ་རི་བོའི་འདབས་རོལ་གྱི་ལྗང་མདོག་ཁོར་སྲུང་བ་སྟེ་ཆུ་འཁོར་ཁོར་སྲུང་ས་ཚིགས་ཀྱི་བུད་མེད་ལས་བཟོ་བ་དག་གིས་རང་རང་གི་བརྩོན་པར་བརྟེན་ནས་མི་སེམས་འགུལ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྗང་མདོག་གཏམ་རྒྱུད་ཅིག་བྲིས་ཡོད་པ་དང་། ཁོ་མོ་ཚོའི་ཉིན་མཚན་དུས་དྲུག་ཏུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་ལ་ཁ་ཞེ་གཉིས་མེད་ཀྱིས་ཞུགས་བཞིན་པའི་སྣང་བརྙན་དེ་ཨ་རིག་རྩྭ་ཐང་གི་ཆེས་ཡིད་དུ་འོངས་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།


མཉམ་སྤྱོད།