དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“དག་སྣང་མཚོ་བྱང་ནས་འཛོམས། མདོག་ལྔའི་གཡང་སར་ལྟ་སྐོར་བྱེད།”——“5·19ཀྲུང་གོའི་གནས་སྐོར་ཉིན་མོའི”མཚོ་བྱང་ཁུལ་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ།

2025-05-19 15:12:02   |   315

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས18ཉིན། མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུ་དང་མཚོ་བྱང་ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་ཡིས་མཉམ་དུ་གཙོ་གཉེར་བྱས་པའི“དག་སྣང་མཚོ་བྱང་ནས་འཛོམས། མདོག་ལྔའི་གཡང་སར་ལྟ་སྐོར་བྱེད།”——“5·19ཀྲུང་གོའི་གནས་སྐོར་ཉིན་མོའི”མཚོ་བྱང་ཁུལ་ཡན་ལག་ཚོགས་རའི་བྱེད་སྒོ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ཕྱི་རོལ་རྟེན་གཞིར་སྤེལ།

1.jpg

བྱེད་སྒོའི་དམིགས་ཡུལ་ནི“5·19ཀྲུང་གོའི་གནས་སྐོར་ཉིན་མོ”དེ་མཚོ་བྱང་ཁུལ་གྱི་རིག་གནས་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ཉིན་མོ་དང་དྲིལ་སྒྲོག་ཉིན་མོར་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་བྱང་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་། མི་ཆོས་སྐྱེ་ཁམས། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་གཏོད་རྒྱུར་རམ་འདེགས་བྱས་ནས་རིག་གནས་གནས་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཤིས་ཚིག་ཕུལ་བ་དང་འབྲེལ་གནས་སྐོར་ལས་དོན་ཁང་གི་ཚོགས་པ་དང་། རིག་གནས་དང་གནས་སྐོར་སྤུས་རྟགས་གཏོད་པ། མི་སྒེར་གྱི་སྨྱན་སྦྱོར་དྲིལ་སྒྲོག་གཉེར་ཚོང་། འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་རིགས་བཞིའི་ཁེ་ལས་དང་མི་སྒེར27ལ་2024ལོའི་རིག་གནས་དང་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་རོགས་སྐྱོར་མ་དངུལ་སྤྲད། མཚོ་བྱང་ཁུལ་རིག་གནས་གནས་སྐོར་འོས་སྦྱོར་མཁན་གཡུ་སྒྲོན་གྱིས་མཚོ་བྱང་གི་རིག་གནས་གནས་སྐོར་ཐོན་ཁུངས་ངོ་སྤྲོད་བྱས། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ་ཡིས་མཚོ་སྔོན་བྷོ་ཊའི་ལྗོངས་རིག་གནས་གནས་སྐོར། མཚོ་སྔོན་ཆི་མིང་རྒྱལ་སྤྱིའི་གནས་སྐོར་ལས་དོན་ཁང་ཚད་ཡོད་འགན་འཁྲི་སྤྱི་གཉེར་སོགས་རིག་གནས་གནས་སྐོར་སྤྱི་གཉེར་མང་པོ་དང་དེ་བཞིན་གནས་སྐོར་ལས་དོན་ཁང་དང་མཉམ་ལས་གྲོས་མཐུན་བཞག ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་མི་སྣས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།

བྱེད་སྒོ་མ་སྤེལ་གོང་དུ། འབྲེལ་ཡོད་མགོ་ཁྲིད་དང་། སྐུ་མགྲོན། གསར་འགྱུར་སྨྱན་སྦྱོར་བཅས་བྱེ་མ་ལ་བདུན་མཛེས་ལྗོངས་ཁུལ་དང་དེ་སྔའི་མཁའ་དམག་གི་ས་གནམ་འཕུར་མདེལ་གྱི་རང་ཚུགས་དམག་སྒར་བཅུ་གཉིས་པའི་གནས་རྙིང་དུ་རྟོག་ཞིབ་བྱེད་པར་སོང་སྟེ། མཚོ་བྱང་གི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ལ་བལྟས་པ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ལ་ཕྱིར་དྲན་བྱས་ཏེ། རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས།

6.jpg

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས“ཞིང་ལས། ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས་བཅས”མཉམ་འདྲེས་བྱ་རྒྱུ་དེ་གཞི་འཛིན་ས་བྱས་པ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པས་རིག་གནས་གནས་སྐོར་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་དེ། 2024ལོར་གནས་སྐོར་བ་མི་ཐེངས་ཁྲི960.51སྣེ་ལེན་ཞུས་པ་དང་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར37.65ཟིན་ལ། ཐོན་ལས་གསུམ་པས57%བཟུང་ཡོད་པས། རིག་གནས་གནས་སྐོར་ཐོན་ལས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། ད་ཐེངས་ཀྱི་གནས་སྐོར་ཉིན་མོའི་བྱེད་སྒོས་རིག་གནས་གནས་སྐོར་དྲིལ་སྒྲོག་འོས་སྦྱོར་ལ་སྐུལ་འདེད་བཏང་ནས་མཛེས་ལྗོངས་ཁུལ་དང་མགྲོན་ཁང་སོགས་ཀྱིས་མཉམ་དུ་ནུས་ཤུགས་འདོན་པར་སྐུལ་ཁྲིད་བྱས་ཏེ།“ངོ་མཚར+དམངས་ཕན”ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་བཏང་སྟེ་གནས་སྐོར་བ་དེ་བས་མང་བས“དག་སྣང་མཚོ་བྱང”ཉམས་སུ་ལེན་པ་དང་། “མདོག་ལྔའི་གཡང་ས”སེམས་ཀྱིས་མྱོང་བའི་ཡིད་དབང་བཀུག་སྟེ། གནས་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།


མཉམ་སྤྱོད།