དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོ་བོད་མཁར་རྐང་ཚའི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་གཏམ་དཔེ་འགྲན་ཚོགས་ཆེན་མོ་བདེ་བླག་ངང་མཇུག་བསྒྲིལ་པ།

2025-05-21 10:31:14   |   390

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

2025ལོའི་ཟླ5པའི་ཚེས17ཉིན་ནས་ཚེས19ཉིན་བར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ་ཡིས་གཙོ་སྒྲུབ་བྱས་ཤིང་། རྐང་ཚ་རྫོང་དམངས་ཁྲོད་གཏམ་དཔེ་རྒྱུན་འཛིན་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་པོ་བོད་མཁར་རྐང་ཚའི་སྐབས་གསུམ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་གཏམ་དཔེ་འགྲན་ཚོགས་ཆེན་མོ་རྐང་ཚ་རྫོང་ཁ་བ་རི་བོའི་གསོལ་མགྲོན་ཁང་དུ་སྤེལ།

བོད་ཀྱི་གཏམ་དཔེ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་འཚོ་བའི་ཁྲོད་ཐོན་སྐྱེད་བྱས་ཏེ་ངག་ཐོག་ནས་གསར་རྩོམ་བྱས་པ་ཞིག་ཡིན་ཞིང་། དེ་ནི་འཚོ་བའི་ཉམས་མྱོང་ཕྱོགས་སྡོམ་དང་འཇིག་རྟེན་གྱི་གནས་ལུགས་མང་པོ་ཞིག་ཚིག་ཉུང་དོན་བསྡུས་སྒོས་མཚོན་པར་བྱས་པའི་ངག་རིག་སྒྱུ་རྩལ་ཁྱད་པར་བ་ཞིག་ཡིན། བོད་ཀྱི་གཏམ་དཔེ་ཡིས་བོད་མིའི་འཇིག་རྟེན་ལྟ་ཚུལ་དང༌། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་མཚོན་ཐུབ་པར་མ་ཟད། གཏམ་དཔེ་ལ་ཚིག་རྒྱན་གྱི་མཛེས་པ་དང་། སྡེབ་སྦྱོར་གྱི་མཛེས་པ། ཡུལ་སྐད་ཀྱི་མཛེས་པ་སོགས་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པས། མི་རིགས་མང་པོ་འགྲོ་འོང་དང་མཉམ་འདྲེས་ཀྱི་གོ་རིམ་ཁྲོད། བོད་ཀྱི་དམངས་ཁྲོད་གཏམ་དཔེ་ཡིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། སྐྱེ་ཁམས་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཕན་ནུས་ཆེན་པོ་བཏོན་དང་འདོན་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག བོད་ཀྱི་དམངས་ཁྲོད་གཏམ་དཔེ་འདི་ཉིད་རྫོང་དང་ཁུལ། ཞིང་ཆེན་དང་རྒྱལ་ཁབ་རིམ་པ་བཅས་ཀྱི་གཟུགས་འདུས་ཤུལ་བཞག་རིག་གནས་ལས་གཞིའི་ཁྲོད་ཚུད་དེ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དཔེ་མཚོན་ལྟ་བུར་གྱུར་ཡོད། ཐེངས་འདིར་མི་རིགས་མཐུན་སྒྲིལ་རྟགས་མའི་གཏམ་དཔེ་འགྲན་ཚོགས་སྤེལ་བ་ཡང་བོད་ཀྱི་གཏམ་དཔེ་ཞེས་པའི་མཚོ་བོད་མཐོ་སྒང་གི་རིག་གནས་གཅེས་ནོར་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱ་བའི་ཆེད་དུ་ཡིན།

ཐེངས་འདིའི་གཏམ་དཔེ་འགྲན་སྡུར་ལ་རྐང་ཚ་རྫོང་དང་མདོ་ལ་རྫོང་། མདའ་བཞི་རྫོང་བཅས་ནས་གཏམ་བཤད་པ20ལྷག་ཞུགས་པ་དང་། དཔྱད་འདེམ་པ་དག་ཀྱང་རྫོང་དེ་དག་ནས་བོད་ཀྱི་གཏམ་དཔེ་ལ་རྒྱུས་མངའ་ཆེ་ཞིང་ཞིབ་འཇུག་གི་ལས་ལ་འབད་བཞིན་པའི་མི་སྣ་སྐོར་ཞིག་ཆེད་དུ་གདན་དྲངས་ཏེ། ཉིན3གྱི་རིང་ལ་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། མཇུག་མཐའི་རྟིང་རྩོད་བཅས་རིམ་པ་གསུམ་གྱི་འགྲན་རིམ་བརྒྱུད། ཨང་དང་པོ1དང་ཨང་གཉིས་པ2དང་། ཨང་གསུམ་པ3དང་། ཨང་བཞི་པ4དང་། ཕུལ་བྱུང15བཅས་སྡོམ་པའི་འགྲན་ཞུགས་པ25ལ་བྱ་དགའ་ཐོབ།

2.jpg

ཨང་དང་པོ། ཚེ་བརྟན་བཀྲ་ཤིས།

3.jpg

ཨང་གཉིས་པ། ཚེ་རིང་བཀྲ་ཤིས། དབང་ཕྱུག

4.jpg

ཨང་གསུམ་པ། མེ་རུ་ཚེ་རིང་། ཀླུ་འབུམ་ཐར། རྡོ་རྗེ་ཚེ་རིང་།

5.jpg

ཨང་བཞི་པ། བསོད་ནམས་ཚེ་རིང་། བློ་བཟང་རྒྱ་མཚོ། བསྟན་པ། བསོད་ནམས་མཁས་གྲུབ།

6.jpg

ཕུལ་བྱུང་བྱ་དགའ་ཐོབ་པའི་མི་བཅོ་ལྔ།


མཉམ་སྤྱོད།