དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་སྲིད་དངུལ་ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ་འཚོགས་པ།

2025-05-29 15:23:54   |   320

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས27ཉིན། མཚོ་བྱང་ཁུལ་གྱིས་སྲིད་དངུལ་ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ་འཚོགས། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་བ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་། རྫོང་ཁག་གི་མི་དམངས་སྲིད་གཞུང་། དངུལ་རྩའི་སྒྲིག་གཞི། ཁེ་ལས་ཀྱི་འཐུས་མི་བཅས་མི90ལྷག་ཙམ་ཚོགས་འདུར་ཞུགས།

1.jpg

ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་སྲིད་གཞུང་གི་ཁྲིད་སྟོན་སྐུལ་ཁྲིད་ནུས་པ་དང་དངུལ་རྩའི་སྒྲིག་གཞིའི་གཙོ་ཁྲིད་ལེགས་ཆ་འདོན་སྤེལ་བྱས་པ་བརྒྱུད། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ས་གནས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། མིག་སྔའི་སྲིད་དངུལ་ཁེ་ལས་མཉམ་ལས་ཁྲོད་གནས་པའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་། སྲིད་གཞུང་དང་དངུལ་རྩའི་སྒྲིག་གཞི། ཁེ་ལས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས་ལ། དངུལ་རྩའི་སྒྲིག་གཞི་ཁེ་ལས་སུ་སོང་སྟེ་བརྟག་ཞིབ་བྱེད་པ་སྒྲིག་འཛུགས་བྱེད་པ་དང་། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་ཤེས་རྟོགས་བྱེད་དགོས་ལ། མཚོ་བྱང་གི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་དང་སྟོབས་ཆེར་གཏོང་དགོས།

ཚོགས་འདུའི་ཐོག ཁེ་ལས་དང་། དངུལ་རྩའི་སྒྲིག་གཞི། སྲིད་གཞུང་སྡེ་ཚན་བཅས་ཕྱོགས་གསུམ་གྱི་འཐུས་མིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་གཏམ་བཤད་གནང་། དངུལ་ཁང་ལྔ་དང་ཁེ་ལས9ཡིས་ཡིད་རྟོན་གྲོས་མཐུན་བཞག་པ་དང་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པའི་དངུལ་འབོར་སྒོར་ཁྲི6150ཟིན་ཡོད། ཚོགས་ཞུགས་ཁེ་ལས་མཁས་ཅན་གྱིས་བཤད་དོན། ངོ་ཐུག་གདོང་འཕྲད་ཀྱི་རྣམ་པའི་ཐོག་གནད་སྨིན་འབྲེད་མཐུད་བྱེད་པ་འདི་ནི་ནུས་ཆེ་དངོས་སྒྲུབ་ཅན་ཞིག་ཡིན་པས། ཆ་འཕྲིན་དོ་མི་མཉམ་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་།“མཚོ་བྱང་གི་དངུལ་རྩའི་རོགས་རམ”ལས་སྟེགས་དང་ཁག་ཐེག་ཁ་གསབ་སྲིད་ཇུས་ཀྱིས་ཁེ་ལས་འཕེལ་རྒྱས་ལ་དགོས་མཁོ་ཆེ་བའི་དངུལ་རྩའི་གསོན་ཤུགས་བསྣན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། ཚོགས་འདུ་གྲོལ་རྗེས། ཆེད་དོན་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་། ཁེ་ལས90ལྷག་ཙམ་གྱིས་དངུལ་རྩའི་སྒྲིག་གཞི་དང“གཅིག་གཏད་གཅིག”གི་མ་དངུལ་བསྡུ་སྒྲིལ་གྱི་གྲོས་མོལ་བྱས།

4.jpg

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འབྲེལ་མཐུད་ཚོགས་འདུའི་ཐོག་སྲིད་ཇུས་དྲིལ་སྒྲོག་ངོ་སྤྲོད་དང་། ཐོན་རྫས་འགྲེམས་སྟོན། དགོས་མཁོ་འབྲེལ་མཐུད་སོགས་ཀྱི་རྣམ་པ་བརྒྱུད་མ་དངུལ་བསྡུ་སྒྲིལ་གྱི་འདོད་མཐུན་སྒོར་དུང་ཕྱུར1.75ལྷག་ཙམ་ཟིན་པ་དང་། མཚོ་བྱང་ཁུལ་གྱི་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་གསོན་ཤུགས་བསྣན་ཡོད།


མཉམ་སྤྱོད།