དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“2025ལོའི་མཐོ་རྒྱུགས་སྲུང་སྐྱེལ་འགུལ་སྐྱོད”འདི་དག་སྤེལ་རྒྱུ་རེད།

2025-05-28 15:06:38   |   75

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། སློབ་གསོ་པུ་ཡིས་ཆེད་མངགས་བརྡ་ཐོ་བཀྲམ་ནས། ས་གནས་ཁག་གི་སློབ་གསོའི་སྡེ་ཁག་དང་སློབ་བསྡུ་རྒྱུགས་སྤྲོད་ལས་ཁུངས་ཀྱི་མཉམ་འབྲེལ་དྲིལ་སྒྲོག་དང་དྲ་འཕྲིན། སྤྱི་བདེ་སོགས་སྡེ་ཁག་མང་པོ་ཞིག་ལ།“2025ལོའི་མཐོ་རྒྱུགས་སྲུང་སྐྱེལ་འགུལ་སྐྱོད”གཏིང་ཟབ་ངང་སྤེལ་ནས་རྒྱུགས་སྤྲོད་ཞབས་ཞུའི་འགན་ལེན་སྔར་བས་ཇེ་ལེགས་སུ་གཏོང་རྒྱུ་དང་། དྲང་ཕྱོགས་དྲིལ་སྒྲོག་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། མཐོ་རྒྱུགས་ལས་དོན་བདེ་འཇགས་བརྟན་བརླིང་ངང་སྤེལ་ཐུབ་པ་དང་རྒྱུགས་སྤྲོད་སློབ་མས་བདེ་བླག་ངང་རྒྱུགས་སྤྲོད་ཐུབ་པར་འགན་ལེན་བྱ་རྒྱུའི་བཀོད་སྒྲིག་བྱས་ཡོད།

བརྡ་ཐོའི་བླང་བྱ་གཞིར་བཟུང་། 2025ལོའི་མཐོ་རྒྱུགས་གཏོང་རིང་། ས་གནས་ཁག་གི་སློབ་གསོ་སྡེ་ཚན་དང་སློབ་བསྡུ་རྒྱུགས་སྤྲོད་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞབས་ཞུའི་བྱེད་ཐབས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རྒྱུགས་སྤྲོད་སློབ་མར་བདེ་འཇགས་དང་འགྲོ་སྐྱོད། བཟའ་སྡོད། སྨན་བཅོས་འཕྲོད་བསྟེན། འཛེར་སྒྲ་བཅོས་སྐྱོང་སོགས་ཀྱི་ཕྱོགས་བསྡུས་ཞབས་ཞུ་འགན་ལེན་ཐུབ་པ་བྱ་རྒྱུ་རེད།

རྒྱུགས་སྤྲོད་སློབ་མར་མི་ཆོས་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡིག་རྒྱུགས་གྲ་སྒྲིག་དང་རྒྱུགས་སྤྲོད་པའི་རིང་གི་དཀའ་ངལ་དངོས་ལ་གཞིགས་ནས། ལག་ཁྱེར་ཁ་པར་དང་དཔེ་ཁུག་སོགས་རྒྱུགས་སྤྲོད་སློབ་མའི་དངོས་ཟོག་ཉར་ཚགས་བྱེད་ས་བཀོད་སྒྲིག་ཚགས་ཚུད་པོ་བྱེད་པ་དང་། དབང་བོ་སྐྱོན་ཅན་སོགས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་ཚོགས་ཡིག་རྒྱུགས་ནང་ཞུགས་པར་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་རྒྱུ་རེད།

“རྒྱུགས་སྤྲོད་སའི་ཉེ་འཁོར་གྱི་ཁོར་ཡུག་གཙང་སེལ”སོགས་ཀྱི་ཆེད་དོན་འགུལ་སྐྱོད་མང་པོ་རྒྱུན་མཐུད་སྤེལ་བ་དང་། རྒྱུགས་སྤྲོད་པའི་ཡིད་རྟོན་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱུགས་སྤྲོད་དང་འབྲེལ་བའི་དྲིལ་སྒྲོག་རྫུན་མ་དང་། ལོག་ལམ་དུ་ཁྲིད་པ་དང་མགོ་སྐོར་གཏོང་བ་སོགས་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ། ཆ་འཕྲིན་ཡོངས་བསྒྲགས་དང་སྲིད་ཇུས་གསལ་འགྲེལ། ཤ་ཚའི་དྲན་སྐུལ། དཀྲོག་གཏམ་ཐེར་འདོན་དང་ཉེན་ཟོན་སྔོན་བརྡ་སོགས་ཀྱི་ལས་དོན་ལེགས་པར་སྤེལ་བ་བཅས་བྱས་ཏེ། ཚད་ལྡན་དང་གོ་རིམ་ལྡན་ཞིང་། དྲོ་སྐྱིད་དང་འཆམ་མཐུན་ལྡན་པའི་རྒྱུགས་སྤྲོད་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ་རེད།

རྒྱུགས་སྤྲད་རྗེས། ས་གནས་ཁག་གིས་རྒྱུགས་སྤྲོད་སློབ་མར་མུ་མཐུད་རིན་མེད་སྤུས་ལེགས་དང་སྟབས་བདེ་སྤྱོད་སླ་བའི་རེ་འདུན་ཐོ་འགོད་ཐད་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྒྲོག་འགྲེལ་ཚོགས་འདུ་དང་བློ་འདྲིའི་ཚོགས་འདུ་སྣ་ཚོགས་འཚོག་རྒྱུ་ཡིན་ཞིང་། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་དང་སློབ་གྲྭའི་བར་གྱི“ངོ་འཕྲད”འབྲེལ་གཏུག་ཐབས་ལམ་གཏོད་རྒྱུ། ཁ་པར་བློ་འདྲི་དང་དྲ་ཐོག་བློ་འདྲི། དྲ་ཐོག་ཐད་གཏོང་སོགས་ཀྱི་བྱ་ཐབས་སྤྱད་དེ་བློ་འདྲིའི་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་རེད།

གཞན་ཡང་། སློབ་གསོ་པུའི“ཉི་འོད་རེ་འདུན”གྱི་ཆ་འཕྲིན་ཞབས་ཞུ་སྔར་བས་ཇེ་ལེགས་སུ་བཏང་ནས། རེ་འདུན་ཐོ་འགོད་ཞབས་ཞུའི་ཆ་འཕྲིན་ཅན་དང་གྲངས་འཛིན་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད། སྐབས་དེར། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་སློབ་གསོ་པུ་དང་ས་གནས་ཁག་གི་སློབ་བསྡུ་རྒྱུགས་སྤྲོད་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱས་པའི་གཞུང་ཕྱོགས་ཀྱི་ཆ་འཕྲིན་ལ་དོ་ཁུར་གནང་ཆོག


མཉམ་སྤྱོད།