དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྨི8000ལྷག་གི་མཁའ་དབྱིངས་སུ“དྲངས”རྗེས་སྐྱེས་པ་དེ་ད་དུང་གསོན་འདུག

2025-05-28 09:07:51   |   196

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས24ཉིན། དྲ་གྲོགས་ཤིག་གིས་བརྙན་ཐུང་ཞིག་སྤེལ་ཏེ། འཕུར་མཆོང་གདུགས་ལ་དགའ་མཁན་ཞིག་མདོ་ལ་རིང་མོའི་ས་ཁོངས་སུ་འཕུར་སྐྱོད་བྱེད་སྐབས་སྤྲིན་གྱིས་སྨི8000ལྷག་གི་མཁའ་དབྱིངས་སུ་དྲངས་པ་རེད་ཅེས་བཤད། དོན་རྐྱེན་དེར་མི་མང་པོས་དོ་འཁུར་ཆེན་པོ་བྱས།

1.jpg

གནས་ཚུལ་སྤེལ་བ་ལྟར་ན། དོན་རྐྱེན་བྱུང་དུས། སྐྱེས་པ་དེའི་འཕུར་མཆོང་གདུགས་སྤྲིན་གྱིས་སྨི8000ལྷག་གི་སྤྲིན་རིམ་ཁྲོད་དུ་དྲངས་པས་ཚོད་འཛིན་བྱེད་མ་ཐུབ་པར་མར་འབབ་མ་ཐུབ་པ་རེད། སྐབས་དེར་སྐྱེས་པ་དེས་དབྱང་དབུགས་ངོ་ཁེབས་ཁྱེར་མེད་པ་དང་ངོ་གདོང་ཐད་ཀར་ཕྱིར་མངོན་ཡོད་ཅིང་། ལུས་ཡོངས་སུ་འཁྱགས་རོམ་གྱིས་ཁེངས་འདུག འོན་ཀྱང་སྔར་བཞིན་འདུ་ཤེས་ཡོད་པ་དང་། འཕུར་མཆོང་གདུགས་མུ་མཐུད་དུ་ཚོད་འཛིན་བྱས་མཐར་བདེ་འཇགས་ངང་སར་བབས།

2.jpg

མི་དེས་ཕྱིར་དྲན་བྱས་པ་ལྟར་ན།“སྐབས་དེ་དུས་དབྱང་དབུགས་མི་འདང་བའི་ཚོར་སྣང་བྱུང་བ་དང་། ལག་པ་ཕྱི་རོལ་དུ་ཡོད་པས་ཧ་ཅང་འཁྱགས། ལག་པ་ལྭ་བའི་ནང་དུ་བསྡུ་རྒྱུའང་མ་ཤེས ”ཟེར།

3.jpg

གསར་འགོད་པས་ཀན་སུའུ་ཞིང་ཆེན་མཁའ་འགྲུལ་ལུས་རྩལ་མཐུན་ཚོགས་དང་འབྲོང་ཡུལ་གྲོང་ཁྱེར་ལུས་རྩལ་ཅུ་དང་ཅ་ཡུས་ཀོན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱས་པ་ལྟར་ན། ད་ཐེངས་ཀྱི་འཕུར་སྐྱོད་བྱེད་སྒོ་ཅ་ཡུས་ཀོན་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་པ་དང་། བྱེད་སྒོ་མ་སྤེལ་གོང་ལ་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུས་མེད། མིག་སྔར། འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་དོན་རྐྱེན་ལ་བརྟག་དཔྱད་བྱས་འདུག


མཉམ་སྤྱོད།