དེ་རིང་ནི2025ལོའི་ཟླ07པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་དང་མདོ་ལ་རིང་མོའི་དམག་གྲུས་གཉིས་བཀུར་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བ།

2025-05-27 15:59:20   |   307

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་དང་མདོ་ལ་རིང་མོའི་དམག་གྲུས་ཀོང་ཏུང་ཀྲན་ཅང་དུ“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དར་སྤེལ་བཏང་ནས‘རི་མཚོའི་རྒྱལ་སྲུང’མཉམ་སྐྲུན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཉིས་བཀུར་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བ་དང་འབྲེལ་བཞུགས་མོལ་སྤེལ་རེས་ཀྱང་བྱས། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལའེ་མིང་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའམ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུ། དཔུང་སྡེ་ག་གེ་མོ་དང་མདོ་ལ་རིང་མོའི་དམག་གྲུའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞུགས་ཡོད། དེའི་རིང་ཀང་ཧྥུ་དང་མདོ་ལ་རིང་མོའི་དམག་གྲུའི་འགན་འཁུར་བློ་མཐུན་གཙོ་བོས་ཤིས་ཚིག་ཕུལ་བ་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མདོ་ལ་རིང་མོའི་དམག་གྲུས“གཉིས་བཀུར་མཉམ་སྐྲུན”གྱི་གྲོས་མཐུན་ལ་མིང་རྟགས་བཀོད།

1.jpg

བཞུགས་མོལ་ཚོགས་འདུའི་ཐོག ལའེ་མིང་གིས་མདོ་ལ་རིང་མོའི་དམག་གྲུའི་དཔོན་དམག་ཡོངས་ལ་འཚམས་འདྲི་དང་གུས་འདུད་ཞུས་པ་དང་འབྲེལ་མཚོ་བྱང་ཁུལ་གྱི་གནས་ཚུལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་དང་གཉིས་བཀུར་ལས་དོན་སྤེལ་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོང་གིས་བཤད་དོན། མཚོ་བྱང་ཁུལ་གྱི་རྒྱབ་ཕྱོགས་ནི་མདོ་ལ་རིང་མོ་དང་མདུན་ཕྱོགས་ནི་མཚོ་སྔོན་པོ་ཡིན་ལ། ཀྲུང་གོའི་རྡུལ་ཕྲན་མཁར་པང་བར་ཆགས་ཡོད་ཅིང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ས་དང་ནུབ་ལམ་དམག་དཔུང་གིས་དམག་འཐབ་བྱས་མྱོང་བའི་ས་ཆ་ཞིག་ཡིན་པས། དམག་དམངས་ཉ་ཆུ་ལྟར་བརྩེ་བ་ཟབ། མདོ་ལ་རིང་མོའི་དམག་གྲུ་གྲལ་དུ་ཞུགས་ཚུན་མཉམ་འབྲེལ་དམག་སྦྱོང་གི་ལས་འགན་ཐེངས་མང་ལེགས་སྒྲུབ་བྱས་ཤིང་། ཤིན་ཏུ་མཐོ་བའི་དམག་དོན་བྱང་ཚད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱས་པ་དེས་དུས་རབས་གསར་པའི་མི་དམངས་མཚོ་དམག་གི་བརྗིད་ཉམས་མངོན་པར་བྱས་ཡོད། མཚོ་བྱང་ཁུལ་གྱིས་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་ནས་མདོ་ལ་རིང་མོའི་དམག་གྲུ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། མཉམ་སྐྲུན་མཉམ་སྤྱོད་ཀྱི་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། མདོ་ལ་རིང་མོའི་དམག་གྲུའི་རྒྱབ་རྟེན་བརྟན་པོ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་དམག་དཔུང་དང་ས་གནས་མཉམ་སྐྲུན་གྱི་མེ་ཏོག་མཚོ་བྱང་ཁུལ་དང་མདོ་ལ་རིང་མོའི་དམག་གྲུའི་དབར་རྟག་ཏུ་བཞད་པར་བྱ་རྒྱུ་ཡིན་ཞེས་བཤད།

2.jpg

མདོ་ལ་རིང་མོའི་དམག་གྲུའི་འགན་འཁུར་བློ་མཐུན་གཙོ་བོས་དམག་གྲུ་འཛུགས་སྐྲུན་བྱས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་མཚོ་བྱང་ཁུལ་གྱིས་ལེ་དབར་སྟོང་གི་མཚམས་ནས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སྒྲོག་འགྲེལ་ཚོགས་པ་མངགས་ནས་སྒྲོག་འགྲེལ་བྱས། དཔུང་སྡེས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས་མཚོ་བྱང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཏང་ཐོན་མཉམ་སྐྲུན་དང་། ཤེས་ལྡན་པ་མཉམ་སྐྱོང་། རིག་གནས་མཉམ་འདྲེས་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

3.jpg

བཞུགས་མོལ་ཐོག ཕྱོགས་གཉིས་པོས་སླད་ཕྱིན་གྱི “གཉིས་བཀུར་མཉམ་གཏོད”ཁྲོད་རྒྱུན་རྣམ་ཅན་གྱི་མཉམ་ལས་བྱེད་པའི་ཐུན་མོང་གི་ངོས་འཛིན་བྱུང་བ་སྟེ། གཅིག་ནི་མདོ་ལ་རིང་མོའི་དམག་གྲུའི་དམག་དོན་ཐོན་ཁུངས་ལ་བརྟེན་ནས་ལོ་ལྟར་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ཏེ་དམག་དོན་དབྱར་སྒར་དང་དགུན་སྒར་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ། གཉིས་ནི“བརྒྱད་གཅིག”དམག་འཛུགས་དུས་ཆེན་དང་དམག་དོན་སྒོ་དབྱེའི་ཉིན་མོ་སོགས་སུ་རིག་རྩལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་དམག་གྲུར་སོང་སྟེ་འཚམས་འདྲིའི་འཁྲབ་སྟོན་བྱེད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་དང་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་བྱས་ཏེ་དམག་དཔུང་དང་ས་གནས་ཀྱི་བརྩེ་བ་མངོན་པ། གསུམ་ནི་མདོ་ལ་རིང་མོའི་དམག་གྲུའི་དཔོན་དམག་མཚོ་བྱང་རིག་གནས་གནས་སྐོར་དང་དེ་བཞིན་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འོས་སྦྱོར་དཔོན་དང་མགྲིན་ཚབ་པ་བྱས་ཏེ་ཕྱི་ཕྱོགས་སུ་སྤེལ་རེས་དང་འཚམས་འདྲི་བྱེད་རིང་མཚོ་བྱང་དྲིལ་སྒྲོག་འོས་སྦྱོར་བྱས་ཏེ། མཚོ་བྱང་གི་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཞི་ནི“དམག་ཆས་མཁོ་འདོན་དང་དམངས་ཆས་མཁོ་འདོན”གྱི་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་མཚོ་བྱང་གི་ནོར་གནག་དང་བོད་ལུག་སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་ཆེར་བཏང་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། ལྔ་ནི་ལོ་ལྟར་ཕྱོགས་གཉིས་ཕན་ཚུན་འཚམས་འདྲི་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ། མདོ་ལ་རིང་མོའི་དམག་གྲུའི་དཔོན་དམག་གིས་ས་གནས་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་པ་དང་། མཚོ་བྱང་གིས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་སོགས་སྒྲིག་འཛུགས་བྱས་ནས་དམག་གྲུར་ལྟ་སྐོར་སློབ་སྦྱོང་བྱས་ཏེ་མེས་རྒྱལ་གྱི་མཚོ་སྲུང་འཛུགས་སྐྲུན་གྱི་གྲུབ་འབྲས་མྱོང་ཚོར་བྱེད་པ་བཅས་ཡིན།

4.jpg

དེའི་རིང་མཚོ་བྱང་ཁུལ་གྱི་འཐུས་མི་ཚོགས་པས་དམག་གྲུར་ལྟ་སྐོར་བྱས་པ་དང་དཔུང་སྡེའི་ཁྱད་ལྡན་སློབ་ཚན་འགྲེམས་སྟོན་ལ་ལྟ་སྦྱོང་བྱས་ལ། མདོ་ལ་རིང་མོའི་དམག་གྲུའི་དཔོན་དམག་ཡོངས་ལ་འཚམས་འདྲིའི་དངོས་པོ་སྤྲད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པས་དཔུང་སྡེ་ག་གེ་མོ་ཞིག་གི་དཔོན་དམག་ལ《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང--“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནམ་ཡང་ཡལ་བ་མེད》ཅེས་པའི་བརྗོད་དོན་སྒྲོག་འགྲེལ་སྙན་ཞུ་ཕུལ།


མཉམ་སྤྱོད།