དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སློབ་གསོ་པུས“2025ལོའི་མཐོ་རྒྱུགས་བདེ་སྲུང་འགུལ་སྐྱོད”སྤེལ་རྒྱུའི་བཀོད་སྒྲིག་བྱས།

2025-05-27 10:03:08   |   311

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།   བཤེར་འབེབས་རིན་ཆེན་ཚེ་རིང་།


གསར་འགོད་པས་ཚེས26ཉིན་སློབ་གསོ་པུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་སློབ་གསོ་པུས་བརྡ་ཐོ་བཏང་ནས་ས་གནས་སོ་སོའི་སློབ་གསོའི་སྡེ་ཁག་དང་སློབ་བསྡུའི་རྒྱུགས་སྤྲོད་སྒྲིག་གཞིས་དྲིལ་བསྒྲགས་དང་། དྲ་འཕྲིན། སྤྱི་བདེ་སོགས་སྡེ་ཁག་མང་པོར་མཉམ་འབྲེལ་ཐོག “2025ལོའི་མཐོ་རྒྱུགས་བདེ་སྲུང་འགུལ་སྐྱོད”གཏིང་ཟབ་སྤེལ་ཏེ། རྒྱུགས་སྤྲོད་ཞབས་ཞུའི་འགན་ལེན་སྔར་ལས་ལེགས་སུ་བཏང་ནས་མཐོ་རྒྱུགས་བདེ་འཇགས་དང་བརྟན་པོའི་ངང་སྤེལ་བ་དང་རྒྱུགས་སྤྲོད་སློབ་མས་བདེ་བླག་ངང་རྒྱུགས་སྤྲོད་འགན་ལེན་བྱ་རྒྱུར་བཀོད་སྒྲིག་བྱས།

བརྡ་ཐོའི་བླང་བྱ་གཞིར་བཟུང་། 2025ལོའི་མཐོ་རྒྱུགས་སྐབས་སུ། ས་གནས་སོ་སོའི་སློབ་གསོའི་སྡེ་ཁག་དང་སློབ་བསྡུའི་རྒྱུགས་སྤྲོད་སྒྲིག་གཞིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞབས་ཞུའི་བྱེད་ཐབས་ལ་སྔར་ལས་ཤུགས་བརྒྱབ་ནས། རྒྱུགས་སྤྲོད་སློབ་མར་བདེ་སྐྱོང་དང་། འགྲོ་སྐྱོད། ཟས་སྡོད། སྨན་བཅོས་འཕྲོད་བསྟེན། འཛེར་སྒྲ་བཅོས་སྐྱོང་སོགས་ཕྱོགས་བསྡུས་ཞབས་ཞུའི་འགན་ལེན་བྱ་རྒྱུ་རེད། རྒྱུགས་སྤྲོད་སློབ་མར་སྤྱི་ཚོགས་ཀྱི་མི་ཆོས་བརྩེ་གཟིགས་ཆེ་རུ་བཏང་ནས། གྲབས་རྒྱུགས་རྒྱུགས་ལེན་རིང་གི་དཀའ་ངལ་དངོས་ལ་དམིགས་པ་དང་། ལག་ཐོགས་ཁ་པར་དང་དཔེ་ཁུག་སོགས་རྒྱུགས་སྤྲོད་སློབ་མའི་དངོས་པོ་འཇོག་གནས་བཀོད་སྒྲིག་ཞིབ་ཚགས་བྱེད་པ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་རྒྱུགས་སྤྲོད་ནང་ཞུགས་རྒྱུར་ལུགས་མཐུན་གྱི་སྟབས་བདེ་བསྐྲུན་དགོས། “རྒྱུགས་སྤྲོད་ས་གནས་ཀྱི་མཐའ་འཁོར་ཁོར་ཡུག་གཙང་བཟོ་བྱེད་པ”སོགས་ཆེད་དོན་འགུལ་སྐྱོད་མང་པོ་རྒྱུན་མཐུད་ངང་སྤེལ་བ་དང་། རྒྱུགས་སྤྲོད་ཡིད་རྟོན་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱུགས་སྤྲོད་དང་འབྲེལ་བ་ཡོད་པའི་དྲིལ་བསྒྲགས་རྫུས་མ་དང་མགོ་སྐོར་གཡོ་འཕྲུལ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། ཆ་འཕྲིན་ཡོངས་བསྒྲགས་དང་། སྲིད་ཇུས་འགྲེལ་བཤད། བློ་དཀར་གསལ་འདེབས། དཀྲོག་གཏམ་སྔོན་ཟོན་སོགས་ཀྱི་ལས་དོན་ཧུར་ཐག་གིས་སྤེལ་ནས། ཚད་ལྡན་གོ་རིམ་ཡོད་པ་དང་བློ་དཀར་འཆམ་མཐུན་ཡིན་པའི་རྒྱུགས་སྤྲོད་ཁོར་ཡུག་ཧུར་ཐག་གིས་སྐྲུན་དགོས།

ཡིག་རྒྱུགས་བཏང་རྗེས་ས་གནས་སོ་སོས་རྒྱུགས་སྤྲོད་སློབ་མར་རིན་མེད་སྤུས་ལེགས་དང་སྟབས་བདེ་སྤྱོད་སླའི་དང་བླངས་རེའུ་མིག་སྐོང་བའི་ཞབས་ཞུ་མུ་མཐུད་མཁོ་འདོན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྒྲོག་འགྲེལ་ཚོགས་འདུ་དང་བློ་འདྲིའི་ཚོགས་འདུ་སྣ་ཚོགས་གཉེར་བ་དང་། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་དང་སློབ་གླིང་བར་གྱི་འབྲེལ་གཏུག་བརྒྱུད་ལམ་བསྐྲུན་ནས། ཁ་པར་བློ་འདྲི་དང་། དྲ་ཐོག་བློ་འདྲི། དྲ་ཐོག་ཐད་གཏོང་སོགས་ཀྱི་བྱེད་ཐབས་ཧུར་ཐག་གིས་སྤྱད་དེ་བློ་འདྲིའི་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་རེད།


མཉམ་སྤྱོད།