དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནན་ཅིན་སློབ་ཆེན་དུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བགྲོ་གླེང་དང་དྲན་གསོའི་འཚོགས་འདུ་ཞིག་བསྡུས།

2025-05-30 14:28:34   |   328

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས24ནས་ཚེས25ཉིན་བར། “མཁས་པའི་དགྱེས་སྟོན། བོད་ཡིག་གི་ཡིག་ཚང་དང་སྣ་མང་རིག་གནས་སྤེལ་རེས་ལོ་རྒྱུས་ཀྱི་བགྲོ་གླེང་ཚོགས་འདུ་དང་སྐུ་ཞབས་ཝང་ཡའོ་སྐུ་གཤེགས་ནས་ལོ་བཅུ་འཁོར་བའི་དྲན་གསོའི་ཚོགས་འདུ”ནན་ཅིན་སློབ་ཆེན་ནས་འཚོགས་ཤིང་། ནན་ཅིན་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཧྥུ་ཏན་སློབ་ཆེན་སོགས་མཐོ་སློབ་དང་རིག་གཞུང་ལས་ཁུངས་ནས་ཡོང་བའི་མཁས་པ60ལྷག་ཙམ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་ནན་ཅིང་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་རྟེན་གཞི་དང་། ཆིང་ཧྭ་སློབ་ཆེན་མི་ཆོས་སློབ་གླིང་རྒྱ་བོད་ནང་བསྟན་ཞིབ་འཇུག་ལྟེ་གནས། ནན་ཅིང་སློབ་ཆེན་ལོ་རྒྱུས་སློབ་གླིང་། ནན་ཅིང་སློབ་ཆེན་ཡོན་གྱི་ལོ་རྒྱུས་ཞིབ་འཇུག་ཁང(མི་རིགས་དང་མཐའ་མཚམས་ཞིབ་འཇུག་ལྟེ་གནས)བཅས་ཀྱིས་གཙོ་གཉེར་བྱས།

1.jpg

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།

མགོ་ཚུགས་ཚོགས་འདུའི་ཐོག ནན་ཅིང་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་དགེ་རྒན་ཆེན་མོ་ལིའང་ཁྲེན་དང་ཧྭ་ཐའོ་གཉིས་ཀྱིས་སྐུ་ཞབས་ཝང་ཡའོ་དང་ནན་ཅིང་སློབ་ཆེན་དབར་གྱི་གཏིང་ཟབ་པའི་རིག་གཞུང་གི་འབྲེལ་བ་ལ་ཕྱིར་དྲན་གནང་ཞིང་། སྐུ་ཞབས་ཝང་ཡའོ་ཡིས་རྐང་ཚུགས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་གཏན་ཚིགས་ཀྱི་རིག་གཞུང་ཐབས་ལམ་རྒྱས་འགྲེལ་བྱས་པར་ཚད་མཐོའི་གདེང་འཇོག་གནང་ཞིང་། ན་གཞོན་མཁས་པ་རྣམས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་སྐུལ་ལྕག་གནང་བ་རེད། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲེན་ཝའེ་རུང་དང་ནན་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིའུ་དབྱིན་ཧྲེང་གཉིས་ཀྱིས་སྐུ་ཞབས་ཝང་ཡའོ་ཡི་རིག་གཞུང་གི་མཐོང་སྣེ་དང་སྐད་ཡིག་གི་ནུས་པ་ལ་གཞིགས་ནས། ཁོང་གིས་བོད་རིག་པའི་ཞིབ་འཇུག་ལ་གསར་འབྱེད་ཀྱི་དོན་སྙིང་གནང་བ་ནན་བཤད་བྱས་པར་མ་ཟད། དུས་རབས་གསར་པའི་བོད་རིག་པའི་ཞིབ་འཇུག་དེ་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་སུ་བསྐྱོད་རྒྱུའི་ཐུགས་རེ་བཅངས་ཡོད། ནན་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་སུན་ཕེང་ཧའོ་ཡིས་ད་ཐེངས་ཀྱི་ཚོགས་འདུ་བསྡུ་བའི་ཐོག་མའི་དམིགས་ཡུལ་ནི་ས་གནས་ཁག་གི་མཁས་པ་རྣམས་ལ་སྒོ་འབྱེད་རྣམ་པའི་སྤེལ་རེས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་ཏེ། རིག་གཞུང་གི་གྲུབ་འབྲས་ལ་བརྟེན་ནས་སྐུ་ཞབས་ཝང་ཡའོ་ལ་དྲན་གསོ་ཞུ་རྒྱུ་དེ་ཡིན་ཞེས་ངོ་སྤྲོད་གནང་།

2.jpg

གྲོས་བསྡུར་བྱེད་བཞིན་པ།

གྲོས་བསྡུར་གྱི་བར་སྐབས་སུ། ཚོགས་ཞུགས་མཁས་པ་རྣམས་ཀྱིས“མི་རིགས་སྐད་ཡིག་གི་རྩོམ་རིག་བརྩམས་ཆོས་བསྐྱར་འཚོལ”དང“མིང་རྒྱལ་རབས་ཀྱི་བོད་བརྒྱུད་ནང་བསྟན”དང་། “བོད་ལྗོངས་ནུབ་རྒྱུད་ཀྱི་ཆབ་སྲིད་དང་རིག་གནས”དང་། “རིག་གཞུང་ཁུངས་རྒྱུད་དང་དུས་རབས་སྙིང་སྟོབས”དང་། “ནང་བསྟན་སྐད་ཡིག་གི་རྩོམ་རིག་འགྲེལ་བཤད་རིག་པ”དང་། “ཐུ་བྷོད་ལོ་རྒྱུས་ཀྱི་དཔང་རྟགས་གསར་པ”དང་། “ཡིག་ཆ་དང་རྩོམ་རིག”དང་། “ཡོན་རྒྱལ་རབས་ཀྱི་མི་སྣ་དང་སྤྱི་ཚོགས་ལོ་རྒྱུས”དང་། “ཆིང་རྒྱལ་རབས་ཀྱི་ཆོས་ལུགས་དང་མཐའ་མཚམས”དང་། “མིང་རྒྱལ་རབས་ཀྱི་བོད་བརྒྱུད་ནང་བསྟན་དང་མཐའ་མཚམས”སོགས་བརྗོད་དོན་གཙོ་བོའི་ཐད་ནས་གྲོས་བསྡུར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ལམ་ལུགས་མཉམ་འགུལ་དང་། དཔལ་འབྱོར་དང་རིག་གནས་སྤེལ་རེས། ཆོས་ལུགས་བསམ་བློ་ཁྱབ་སྤེལ། སྐད་ཡིག་དང་རྩོམ་རིག་ཕན་ཚུན་དཔྱད་ཞིབ། སྤྱི་ཚོགས་སྒྲིག་གཞི་མཉམ་འདྲེས། མཐའ་མཚམས་བཅོས་སྐྱོང་ལག་ལེན། རིག་གཞུང་བསམ་བློ་རྒྱུན་འཛིན། དངོས་པོའི་ཤེས་རིག་མཉམ་འདྲེས། ལོ་རྒྱུས་ཀྱི་དྲན་ཤེས་བཏོད་པ་སོགས་ཀྱི་ཐད་ནས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་བྱས་པ་རེད།

3.jpg

ཚོགས་འདུར་ཞུགས་པའི་མཁས་པ་རྣམས་ཀྱི་མཉམ་པར།

“ཀྲུང་གོའི་བོད་རིག་པའི་རྒྱུན་འཛིན་དང་མ་འོངས་པ། སྐུ་ཞབས་ཝང་ཡའོ་ལ་དྲན་གསོ་ཞུ་བ”ཞེས་པའི་གྲོས་བསྡུར་གྱི་སྐབས་སུ། ཚོགས་འདུར་ཞུགས་པའི་མཁས་པ་ཚོས་བོད་རིག་པ་དང་། ཆོས་ལུགས་རིག་པ། མི་རིགས་རིག་པ་བཅས་ཀྱི་ཁྱབ་ཁོངས་ནས་སྐུ་ཞབས་ཝང་ཡའོ་ཡི་ཕུལ་དུ་བྱུང་བའི་རིག་གཞུང་གྲུབ་འབྲས་ལ་དམིགས་ནས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་ཏེ། ཁོང་གི་ཞིབ་འཇུག་གིས་ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་དཔེ་མཚོན་དོན་སྙིང་འགྲེལ་བཤད་གང་ལེགས་བྱས། ཚོགས་ཞུགས་མཁས་པས་གཅིག་མཐུན་གྱི་འདོད་ཚུལ་ནི། སྐུ་ཞབས་ཝང་ཡའོ་ཡིས་ཞིབ་འཇུག་ལ་བརྟེན་ནས་བོད་རིག་པ་ཞིབ་འཇུག་གི་ཀྲུང་གོའི་སློབ་རྒྱུད་སྲ་བརྟན་དུ་བཏང་བར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ལོ་རྒྱུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྐུ་ཞབས་ཝང་ཡའོ་ཡི་ཕུལ་དུ་བྱུང་བའི་རིག་གཞུང་གྲུབ་འབྲས་དང་ཡངས་ཤིང་རྒྱ་ཆེ་བའི་རིག་གཞུང་གི་མཐོང་རྒྱ་དེས་དུས་རབས་གསར་པའི་བོད་རིག་པ་ཞིབ་འཇུག་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གྱི་ཐབས་ལམ་ལ་མུ་མཐུད་བློ་སྒོ་འབྱེད་ཐུབ་པར་ངོས་འཛིན་བྱས་པ་རེད། དུས་རབས་གསར་པའི་བོད་རིག་པའི་ཞིབ་འཇུག་པས་སྐུ་ཞབས་ཝང་ཡའོ་ཡི་ཞབས་རྗེས་འབྲངས་ཏེ། རིག་གཞུང་གི་རྨང་གཞི་ཏན་ཏིག་ལ་བརྟེན་ནས་ཤུགས་རྐྱེན་དེ་བས་ལྡན་ཞིང་། རིག་གཞུང་གི་གྲུབ་འབྲས་ལ་བརྟེན་ནས་བོད་རིག་པའི་ཞིབ་འཇུག་དེ་ཀྲུང་ཧྭ་ཤེས་རིག་གི་འདས་པ་དང་འབྱུང་འགྱུར་གྱི་འབྲེལ་ཟམ་དུ་འགྱུར་བར་བྱ་དགོས།


མཉམ་སྤྱོད།