དེ་རིང་ནི2025ལོའི་ཟླ06པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྔ་པའི་ཚེས་ལྔའི་དུས་ཆེན་རིང་མི་ཐེངས་ཁྲི590.7རྒྱལ་མཚམས་ནས་འགྲོ་འོང་བྱས།

2025-06-03 17:39:50   |   200

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ6པའི་ཚེས3ཉིན་གྱི་གློག་འཕྲིན། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུའི་སྐད་འཕྲིན་སྤྱི་རྟགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་མི་ཐེངས་ཁྲི590.7རྒྱལ་མཚམས་ནས་འགྲོ་འོང་བྱེད་པར་འགན་ལེན་བྱས། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི196.9ཡིན་པ་དང་། དེས་ན་ནིང་གི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་དུས་མཚུངས་ལས2.7%འཕར་ཡོད། ཉིན་གཅིག་གི་ས་མཚམས་ནས་འགྲོ་འོང་བྱེད་ཚད་ཆེས་མང་བ་ནི་ཟླ6པའི་ཚེས1ཉིན་བྱུང་ཞིང་། མི་ཐེངས་ཁྲི208.6ལ་སླེབས་ཡོད། རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་བའི་ཁྲོད། ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱད་དེ་རྒྱལ་ཁོངས་སུ་ཡོང་མཁན་མི་ཐེངས་ཁྲི23.1ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་59.4%འཕར་ཡོད། ས་མཚམས་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཐེངས་གྲངས་ཁྲི26.3(གནམ་གྲུ། གྲུ་གཟིངས། མེ་འཁོར། རླངས་འཁོར)ལ་ཞིབ་བཤེར་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས10.5%འཕར་ཡོད།

རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུའི་གཅིག་གྱུར་བཀོད་སྒྲིག་ལྟར། རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས“ཡོངས་བསྒྲགས་གཉིས་དང་དྲན་སྐུལ་གཅིག”གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། འགག་སྒོ་དེ་གའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པའི་གནས་ཚུལ་དུས་ཐོག་ཏུ་སྔོན་དཔག་དང་ཁྱབ་བསྒྲགས་བྱས་ནས་རྒྱ་ཆེའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་གྱིས་འགྲུལ་བཞུད་ལུགས་མཐུན་བཀོད་སྒྲིག་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀ་སྒྲིག་འཛུགས་དང་ཞིབ་བཤེར་གྱི་བགྲོད་ལམ་འདང་ངེས་བཏོད་དེ་ཀྲུང་གོའི་སྤྱི་དམངས་ཀྱི་འགག་སྒོ་སྒྲོལ་བར་སྐར་མ30ལས་མི་བརྒལ་བའི་བྱེད་ཐབས་ལག་བསྟར་ནན་པོ་བྱས་པ་དང་། སྡེ་ཚན་གྱི་མཉམ་ལས་མཉམ་འགུལ་དམ་ཟབ་བྱས་ནས་འགྲུལ་པ་མང་བའི་དུས་སུ་འགྲུལ་བཞུད་ཀྱི་ལམ་བུ་གཏོད་པ་དང་འགྲིམ་འགྲུལ་གྱི་ལེ་ལག་ཚང་བའི་ཕྱོགས་བསྡུས་འགན་ལེན་ཡག་པོ་བྱས་ཏེ། འགྲུལ་པ་བདེ་བླག་ངང་འགག་སྒོ་སྒྲོལ་ཐུབ་པའི་འགན་ལེན་བྱས་ཤིང་།  ལྔ་པའི་ཚེས་ལྔའི་དུས་ཆེན་རིང་རྒྱལ་ཡོངས་ཀྱི་འགག་སྒོའི་ས་མཚམས་ནས་འགྲོ་འོང་བྱེད་པ་དེ་བདེ་འཇགས་དང་གོ་རིམ་ལྡན་པར་བྱས།


མཉམ་སྤྱོད།