དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་འཕར་ཡོད།

2025-06-04 09:47:38   |   206

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་ཁང་།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་གི་ཟླ6པའི་ཚེས3ཉིན་གྱི་གློག་འཕྲིན།(ཝུའེ་ཡུས་ཁུན་དང་ལི་ཕེ་ཡོན) ཚེས3ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་རིན་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ཤིང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་བཙགས་སྣུམ་རིན་གོང་གྲུབ་པའི་ལམ་སྲོལ་གཞིར་བཟུང་། ཟླ6པའི་ཚེས3ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར65དང་སྒོར60འཕར་ཡོད་པ་རེད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་པས་ཀྲུང་གོའི་རྡོ་སྣུམ་དང་། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས། ཀྲུང་གོའི་མཚོ་སྣུམ་བཅས་ཀུང་སི་ཆེ་གྲས་གསུམ་དང་དེ་བཞིན་མ་བཅོས་རྡོ་སྣུམ་ལས་སྣོན་ཁེ་ལས་གཞན་དག་གིས་བཙགས་སྣུམ་ཐོན་སྐྱེད་དང་གཏོང་འདྲེན་སྒྲིག་འཛུགས་ཡག་པོ་བྱས་ནས་ཁྲོམ་རར་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་དང་། རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས་ཞེས་བཤད་པ་རེད། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲོམ་རའི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རྒྱུན་ལྡན་གྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། འཛད་སྤྱོད་པས12315སྟེགས་བུ་བརྒྱུད་རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་ཆོག

རེབ་འདིའི་བཙགས་སྣུམ་གྱི་རིན་གོང་སྙོམ་སྒྲིག་དུས་འཁོར་ནང་། རྒྱལ་སྤྱིའི་སྣུམ་རིན་བར་མཚམས་སུ་གཡོ་འགུལ་བྱུང་བ་དང་ཆ་སྙོམས་རིན་གོང་དེ་རེབ་གོང་མའི་རིན་གོང་སྙོམ་སྒྲིག་དུས་འཁོར་ལས་མཐོ་བ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་དུས་ཐུང་ནང་སྣུམ་རིན་འཕར་ཆག་བྱེད་ཚད་ཆེ་རུ་འགྲོ་སྲིད་པའི་ངོས་འཛིན་བྱས་ཡོད།


མཉམ་སྤྱོད།