དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སློབ་མ་དང་ཁྱིམ་བདག་ཚོས་འཕྲིན་ཐུང་འདི་རིགས་ལ་གཟོབ།

2025-06-11 15:51:51   |   178

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མི་དམངས་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་ཆར་མཐོ་རྒྱུགས་ལ་རྒྱུགས་ལེན་མཁན་ཁག་གཅིག་ལ“སློབ་གསོ་རྒྱུགས་ལེན་ཁང”ཞེས་པའི་འཕྲིན་ཐུང་འབྱོར་ནས། AIརྒྱུགས་ལེན་ལྟ་སྐུལ་པས་ཁོ་ལ་རྒྱུགས་ལེན་སྐབས་གཡོ་རྒྱུགས་སྤྲོད་པའི་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ནས་རྒྱུགས་འབྲས་སྐར་མ0ཡིན་ཟེར།

0757cab292a745ede330059b71958ab.jpg

    ཟླ6ཚེས9ཉིན། གསར་འགོད་པས་དོ་སྣང་བྱུང་དོན། ས་གནས་མང་པོའི་གཞུང་ཕྱོགས་ཀྱིས་སློབ་གསོ་གཙོ་གཉེར་སྡེ་ཁག་དང་རྒྱུགས་ལེན་སྒྲིག་གཞི་ཡིས་རྒྱུགས་ལེན་མཁན་ལ་ཆ་འཕྲིན་དེ་རིགས་གཏན་ནས་བསྐུར་མི་སྲིད་ཅེས་བསྒྲགས་ཏེ། རྒྱུགས་ལེན་མཁན་དང་ཁྱིམ་བདག་རྣམས་ཀྱིས་མི་སྒེར་གྱི་ཆ་འཕྲིན་ཉར་ཚགས་ཡག་པོ་བྱས་ནས་མགོ་སྐོར་ཐེབས་པར་དོགས་ཟོན་གནང་རོགས་ཞེས་དྲན་སྐུལ་བྱས་ཡོད།

    གསར་འགོད་པས་དོ་སྣང་བྱུང་དོན། གོང་གསལ་གྱི་འཕྲིན་ཐུང་གི་ནང་དོན་ཅུང་འདྲ་མཚུངས་ཡིན་ལ། རྣམ་པ་ནི་འདི་ལྟར་ཡིན། སློབ་གྲོགས་ལགས་སྐུ་ཁམས་བཟང་། AIརྒྱུགས་ལེན་ལྟ་སྐུལ་པས་ཁྱེད་ཀྱིས2025ལོའི་ཟླ6ཚེསxཉིནxxཡིག་རྒྱུགས་ལེན་རིམ་ཁྲོད་དུ་ཉེ་འགྲམ་རྒྱུགས་ལེན་མཁན་གྱི་དྲིས་ལན་བྱང་བུ་ལ་ལྐོག་ལྟ་བྱས་པ་ཤེས་རྟོགས་བྱུང་བས། རྒྱུགས་འབྲས་ནི་སྐར་མ0ལ་བརྩི་རྒྱུ་ཡིན། རྗེས་མའི་ཡིག་རྒྱུགས་ལ་ནན་ཏན་བྱ་རོགས། གལ་ཏེ་དོགས་གཞི་ཡོད་ན་ཁ་པར་གཏོང་རོགས།” 

    ཟླ6ཚེས9ཉིན། སི་ཁྲོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་ཁང་གིས་དེ་ནི་དཔེ་མཚོན་གྱི་འཕྲིན་ཐུང་གི་མགོ་སྐོར་གཡོ་ལེན་ཡིན་པས། སློབ་གསོ་གཙོ་གཉེར་སྡེ་ཁག་དང་རྒྱུགས་ལེན་སྒྲིག་གཞི་ཡིས་རྒྱུགས་ལེན་མཁན་ལ་ཆ་འཕྲིན་དེ་རིགས་གཏན་ནས་བསྐུར་མི་སྲིད་ཅིང་། རྒྱུགས་ལེན་མཁན་དང་ཁྱིམ་བདག་རྣམས་ཀྱིས་མི་སྒེར་གྱི་ཆ་འཕྲིན་ཉར་ཚགས་ཡག་པོ་བྱས་ནས་མགོ་སྐོར་ཐེབས་པར་དོགས་ཟོན་གནང་རོགས་ཞེས་དྲན་སྐུལ་བྱས། 


མཉམ་སྤྱོད།