དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཐོ་རྒྱུགས་ཀྱི་སྐར་གྲངས་ལ་བལྟ་བའི་དུས་ཚོད་བསྒྲགས་འདུག

2025-06-12 10:08:37   |   524

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མི་དམངས་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6ཚེས10ཉིན། 2025ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དངོས་སུ་མཇུག་བསྒྲིལ་ཡོད། ད་ལོ་རྒྱལ་ཡོངས་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་མཁན་མི་གྲངས་ཁྲི1335ཡོད་ཅིང། ན་ནིང་ལས་མི་ཁྲི7གྱིས་ཉུང་། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཞིང་ཆེན་མང་པོ་ཞིག་གིས་མཐོ་རྒྱུགས་ཀྱི་སྐར་གྲངས་ལ་བལྟ་བའི་དུས་ཚོད་ཁྱབ་བསྒྲགས་བྱས་ཡོད། 

   ས་གནས་ཁག་གིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལྟར་ན། ཧྲང་ཧའེ་ཡིས་ཟླ6ཚེས23ཉིན་སྐར་གྲངས་ཁྱབ་བསྒྲགས་བྱ་རྒྱུ་དང་། ཧྲན་ཏུང་གིས་ཟླ6ཚེས་26ཉིན་གྱི་སྔོན་ལ་སྐར་གྲངས་ཁྱབ་བསྒྲགས་བྱ་རྒྱུ་དང་། ཧོ་པེ་དང་ཅི་ལིན། ཨན་ཧུའེ། ཅང་ཞི། ཧོ་ནན། ཧུའུ་ནན། ཀོང་ཞི། ཁྲུང་ཆིང་། སི་ཁྲོན། བོད་ལྗོངས། ཀན་སུའུ་སོགས་ཀྱིས་སྔོན་དཔག་བྱས་ན་ཟླ6ཚེས25ཉིན་ཡས་མས་སུ་མཐོ་རྒྱུགས་ཀྱི་སྐར་གྲངས་ཁྱབ་བསྒྲགས་བྱ་རྒྱུ་རེད། 


མཉམ་སྤྱོད།