དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་རོང་འབྲོག་ཁུལ་གྱི་བགྲོད་ལམ་སྤྱི་ལེ8000“ལྗང”བསྒྱུར་བྱ་རྒྱུ་ཡིན་པ།

2025-06-13 10:05:36   |   138

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་འཕགས་ཆ་སྙོམས་ཀྱིས་སྨི4000ཡན་ཡོད་པའི་མཚོ་བོད་མཐོ་སྒང་དུ། “མ་རྩ་དམའ་བ་དང་ལག་རྩལ་གསར་པ། ཡུལ་བབ་དང་འཚམ་པའི་ཇུས་གཞི”གནད་འགག་ཡིན་པའི་རོང་འབྲོག་ཁུལ་གྱི་བགྲོད་ལམ་ལེགས་སྒྱུར་བཟོ་འགོད་ཀྱིས་རོང་འབྲོག་པའི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་རོང་འབྲོག་ཁུལ་གྱི་བགྲོད་ལམ་སྤྱི་ལེ8000“ལྗང”བསྒྱུར་བྱ་རྒྱུ་ཡིན་པ་དང་། ད་ལོར་སྔོན་དཔག་བྱས་ན། སྤྱི་ལེ2000ལྷག་གི་ཞིང་སྡེའི་བགྲོད་ལམ་སྒྱུར་བཀོད་ཡོངས་འགྲུབ་བྱ་རྒྱུ་རེད།

བགྲོད་ལམ་ཡག་པོ་ཞིག་མེད་ན་རོང་འབྲོག་པ་ཕྱི་རུ་བསྐྱོད་པ་དང་རོང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་བཀག་ཆེན་པོ་ཐེབས་སྲིད། སྲོལ་རྒྱུན་གྱི་གཞུང་ལམ་ལས་སྟངས་ལྟར་ན་གཏོར་བརླག་ཆེ་བར་མ་ཟད་མ་རྩ་མཐོ་བ་རེད། མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་ལ་དམིགས་ནས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“གཏོར་བརླག་མ་བཏང་ན་ཆེས་བཟང་པོའི་སྲུང་སྐྱོབ་ཡིན་པའི”རྩ་དོན་རྒྱུན་འཁྱོངས་སྒོས། མཐོ་སྒང་གི་དམིགས་བསལ་ས་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་གྱི་ལག་རྩལ་འཚོལ་ཞིབ་བྱས། ལག་རྩལ་གསར་པས་ད་ཡོད་ཀྱི་རྡོ་ཧྲུག་ལམ་ངོས་ཀྱི་རྒྱུ་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། ལམ་ངོས་སྙོམས་སྒྲིག་ཡག་པོ་བྱས་ནས་བྱེ་མ་སྔོག་འདོན་དང་རྒྱུ་ཆ་ལེན་ཚད་ཆེས་ཉུང་དུ་བཏང་སྟེ། རོང་འབྲོག་ཁུལ་གྱི་འགྲོ་འོང་དགོས་མཁོ་སྐོང་བ་དང་ཆབས་ཅིག་མ་རྩ་ཇེ་ཉུང་དུ་གཏོང་བ་དང་ཐཱན་ཇེ་ཉུང་དུ་གཏོང་བ། ནུས་ཁུངས་གྲོན་ཆུང་བཅས་ཀྱི་དམིགས་འབེན་གསར་པ་མངོན་འགྱུར་བྱ་དགོས།

2023ལོར། མཚོ་སྔོན་གྱི་བགྲོད་ལམ36གི་ལམ་མཚམས་སྤྱི་ལེ1018ཙམ་ཚོད་ལྟའི་སྒྱུར་བཀོད་ལས་གཞི་རུ་བདམས་ནས། སྔར་ཡོད་ལམ་ངོས་ཀྱི་རྒྱུ་ཆ་སྤྱད་དེ་ཐེངས་གཅིག་ལ་ས་གནས་དེ་གར་ལམ་ངོས་ཀྱི་རྒྱུ་ཆ་གཞོག་པ་དང་བསྲེས་སྦྱོར་བྱེད་པ། ངོས་འདིང་བ་བཅས་ཀྱི་ལས་རིམ་བརྒྱུད་དེ། “མཐོ་སྒང་གི་དམིགས་བསལ་ས་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་ལག་རྩལ1.0ཅན”ཆགས་པ་དང་། 2024ལོར། གཙང་གསུམ་འབྱུང་ཡུལ་ས་ཁུལ་ནས་སྤྱི་ལེ5000ཙམ་གྱི་ཡུལ་ཚོ་དང་སྡེ་བའི་ལམ212ཀྱི་རྡོ་ཧྲུག་ལམ་བདམས་ནས་ལག་རྩལ་བེད་སྤྱད་པ་དང་། 4.5%ཡི་ཨར་འདམ་སོགས་སྤྱད་དེ་མཉམ་འདུས་ལམ་ངོས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་ཀྱིས་ལམ་ངོས་ཀྱི་སྲ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་བ་དང་། གཙུབ་བརྡར་གྱི་བཟོད་ནུས་ཆེ་རུ་བཏང་བ། བྱེ་རྡུལ་འབུད་པའི་གནད་དོན་ཇེ་ཉུང་དུ་བཏང་ནས། “མཐོ་སྒང་གི་དམིགས་བསལ་ས་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་ལག་རྩལ2.0ཅན”འཚོལ་ཞིབ་བྱས།

མཚོ་ནུབ་ནས་ཡུས་ཧྲུའུ་དང་། མགོ་ལོག་ནས་རྨ་ལྷོའི་བར། བགྲོད་ལམ་གསར་པ་རེ་རེ་མཚོ་སྔོན་གྱི་རྫོང(གྲོང་ཁྱེར)20ལྷག་ཙམ་གྱི་རོང་འབྲོག་པའི་མཛེས་སྡུག་ལྡན་པའི་འཚོ་བར་སྦྲེལ་མཐུད་བྱས་ནས། རོང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྣན་ཡོད།  ད་ལོར། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཐོ་སྒང་གི་དམིགས་བསལ་ས་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་གྱི་ལག་རྩལ་སྣ110དང་། གཞུང་ལམ་སྤྱི་ལེ2000ལྷག་ཙམ་གྱི་བགྲོད་ལམ་འཆར་འགོད་ལག་བསྟར་བྱས། ད་ལྟ། ཇུས་འགོད་ཀྱི་བྱ་བ་ཚང་མ་བསྒྲུབས་ཟིན་པ་དང་འཆར་གཞི་བརྒྱུད་བསྒྲགས་བྱས་རྗེས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ་རེད།


མཉམ་སྤྱོད།