དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྟོང་ལོའི་ཐང་ག་ཡིས་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་བཏོད་པ།

2025-06-16 10:24:31   |   115

རྩོམ་སྒྲིག  ཀླུ་མོ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ཚེས14ཉིན། རྫོགས་ལྡན་གྱི་ཀྲུང་ཧྭར་ལེགས་སྐྱེས་ཕུལ། མི་རིགས་ཀྱི་མཐུན་སྒྲིལ་ཟབ་ཏུ་གཏོང་ཞེས་པ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཐང་ག་ཆེ་མོའི་འགྲེམ་སྟོན་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་མགོ་བརྩམས་ཡོད།

e8d9fa3bf8df70764b5ffee1ad6a2e5.jpg

ཤེས་རྟོགས་བྱུང་བར་གཞིགས་ན། ཐང་ག་ཆེ་མོ་དེའི་ཞེང་ཚད་ལ་སྤྱི་ཁྲེ1.8དང་རིང་ཚད་ལ་སྤྱི་ཁྲེ200ཡོད་ཅིང་། མིང་དོན་མཚུངས་པའི་ཐང་ག་ཆེ་མོ་ཞིག་ཡིན། ཐང་ག་དེ་གསར་རྩོམ་བྱེད་པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་བོད་མི་རིགས་ཀྱི་ཐང་གའི་སྒྱུ་རྩལ་དར་སྤེལ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་འགན་འཁྲིའི་ཐོག་ནས་ཕུལ་བྱུང་གི་ཐང་གའི་སྒྱུ་རྩལ་པ་སུམ་ཅུ་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། དུས་ཡུན་ལོ་དགུ་ལྷག་ཙམ་སྤྱད་ནས་ལེགས་གྲུབ་བྱས་ཡོད། དེ་ནི་ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་པ། འཛམ་གླིང་མི་རིགས་ཁག་ལ་ཀྲུང་གོའི་བོད་རིགས་ཀྱི་སྲོལ་རྒྱུན་ཐང་གའི་རིག་གནས་དང་དེའི་སྒྱུ་རྩལ་རིན་ཐང་དྲིལ་སྒྲོག་བྱེད་པ་བཅས་ཀྱི་ཕུལ་བྱུང་གི་བརྩམས་ཆོས་ཤིག་ཡིན།

d86b92aa3d7f4c0c2e602305704daba.jpg

བོད་ཀྱི་རིག་གནས་ནི་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་ཤེས་རིག་དང་ཐ་ན་འཛམ་གླིང་གི་ཤེས་རིག་བང་མཛོད་ཆེན་མོའི་ནང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་གལ་ཆེན་བཟུང་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ལ། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་ཚད་མཐོའི་མཐོང་ཆེན་དང་། ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ནས་དར་རྒྱས་གོང་འཕེལ་གྱི་དུས་རབས་ཡག་ཤོས་ཤིག་ལ་སླེབས་ཡོད། 

9ec3093ce73aaf12b60d4f868fa7c0d.jpg


མཉམ་སྤྱོད།