དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བོད་ས་མཐོའི་བར་སྣང་དུ་ཚེ་སྲོག་སྐྱོབ་ལམ་གསར་པ་ཞིག་བཏོད་འདུག

2025-06-17 15:36:45   |   106

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་གསར་འགོད་པས་མཚོ་སྔོན་སློབ་ཆེན་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཟུངས་ཁྲག་ལྟེ་གནས་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གིས་ཐུན་མོང་ཐོག་བཙུགས་པའི་སྨན་སྤྱོད་མི་མེད་གནམ་གྲུས་ཟུངས་ཁྲག་སྐྱེལ་འདྲེན་བྱེད་པའི་མཁའ་ལམ་དེ་ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པར་ཐོག་མའི་ཚོད་འཕུར་ལེགས་འགྲུབ་བྱུང་ཡོད། དེའང་མཚོ་བོད་ས་མཐོའི་ཐོག་བཙུགས་པའི་མི་མེད་གནམ་གྲུས་མྱུར་སྐྱོབ་ཟུངས་ཁྲག་སྐྱེལ་འདྲེན་བྱེད་པའི་ཆེད་སྤྱོད་མཁའ་ལམ་ཐོག་མ་ཡིན་པས། འབྱུང་འགྱུར་མྱུར་སྐྱོབ་ཐད་མཁོ་བའི་ཟུངས་ཁྲག་སྐྱེལ་འདྲེན་བྱེད་པའི་དུས་ཚོད་ཐད་འགན་ལེན་ནུས་ལྡན་ཐུབ་རྒྱུ་ཡིན་པ་རེད།

9a1a1cf10401a1a522ef94971bc75a6.jpg

ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་སྐྱེལ་འདྲེན་མི་མེད་གནམ་གྲུ་ནི་རྒྱུན་སྲོལ་གྱི་མི་མེད་གནམ་གྲུ་དང་མི་འདྲ་སྟེ། གཏན་འཁེལ་བྱས་པའི་མཁའ་ལམ་ལྟར་རང་བདག་འཕུར་སྐྱོད་བྱེད་ཐུབ་པ་དང་། 5Gདྲ་རྒྱར་བརྟེན་ནས་གནད་འཁེལ་ཕྱོགས་སྟོན་བྱེད་ཐུབ་ཅིང་། རླུང་འགོག་རིམ་པ་དེ་རིམ་པ6ལ་སླེབས་ཀྱི་ཡོད་པས། གངས་ཆར་འབབ་པའི་སྐབས་སུའང་རྒྱུན་ལྡན་ལྟར་འཕུར་སྐྱོད་བྱེད་ཐུབ་པ་དང་། དེའི་ཐེག་ཁུར་ནུས་པ་སྤྱི་རྒྱ30ལ་སླེབས་ཀྱི་ཡོད། དེའི་དམིགས་སུ་བཟོས་པའི་ཟོག་སྒམ་གྱིས་དྲོད་ཚད་གཏན་འཇགས་ཀྱི་ཁོར་ཡུག་རྒྱུན་འཁྱོངས་བྱེད་ཐུབ་པས། ཆུ་ཚོད་གཅིག་གི་ནང་དྲོད་ཚད་འགྱུར་ལྡོག1℃ལས་མི་བརྒལ་ན། ཁྲག་བཟོས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཐད་འགན་ལེན་གང་ཐུབ་བྱེད་ཐུབ།

f4a6193954b6299311b8e8571552691.jpg

སྲོལ་རྒྱུན་གྱི་ཟུངས་ཁྲག་སྐྱེལ་འདྲེན་བྱེད་སྟངས་དང་བསྡུར་ན། མི་མེད་གནམ་གྲུས་ཟུངས་ཁྲག་སྐྱེལ་འདྲེན་བྱེད་པ་དེས་གཞུང་ལམ་འགག་པའི་རྐྱེན་གྱིས་དུས་ཚོད་ཕྱིར་འགྱངས་བྱེད་པའི་གནས་ཚུལ་སྔོན་འགོག་ནུས་ལྡན་བྱེད་ཐུབ་ཅིང་། འཕྲལ་མཁོའི་ཟུངས་ཁྲག་ཐོན་ཁུངས་དུས་ཡུན་ཐུང་ཤོས་ནང་སྐྱེལ་ཐུབ་པས། “བར་སྣང་གི་ཚེ་སྲོག་སྐྱོབ་ལམ”གསར་པ་ཞིག་བཏོད་ཡོད། མི་མེད་གནམ་གྲུས་མྱུར་སྐྱོབ་ཟུངས་ཁྲག་སྐྱེལ་ཐུབ་པ་དེས་སྔོན་ཆད་ཆུ་ཚོད་གཅིག་ཙམ་གྱི་སྐྱེལ་འདྲེན་དུས་ཚོད་དེ་སྐར་མ15ཡི་ནང་དུ་ཐུང་དུ་བཏང་ཡོད་པས། སྨན་བཅོས་སྐྱོབ་བཅོས་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་བཏང་ཐུབ་ཡོད།

5ecfaca7276c58a263bef712087d11e.jpg


མཉམ་སྤྱོད།