དེ་རིང་ནི2025ལོའི་ཟླ06པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྙན་འཕྲིན་གྱི་གྲོན་དངུལ་རང་འགུལ་ངང་འཐེན་པའི་རིགས་བཅོས་སྐྱོང་བྱ་རྒྱུ་ཡིན་པ།

2025-06-18 10:06:44   |   36

རྩོམ་སྒྲིག ཀླུ་མོ་མཚོ།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲ་སྦྲེལ་བརྙན་འཕྲིན་གྱི་རང་འགུལ་ངང་གྲོན་དངུལ་བསྟུད་མར་འཐེན་པའི་ཞབས་ཞུར་དམིགས་པའི་ཆེད་དོན་ཚད་ལྡན་དོ་དམ་བྱ་ཐབས་ལག་ལེན་བསྟར་ཡོད། ད་ཐེངས་ཀྱི་བཅོས་སྐྱོང་གིས་སྤྱོད་མཁན་ནས་བཏོན་པའི་ཅུང་གཅིག་བསྡུས་ཀྱི་རང་འགུལ་ངང་གྲོན་དངུལ་བསྟུད་མར་འཐེན་པའི་“གྲོན་དངུལ་མ་འཐེན་གོང་དྲན་སྐུལ་མེད་པ”དང“མེད་པར་བཟོ་བའི་བརྒྱུད་རིམ་རྙོག་འཛིང་ཆེ་བ།” “ཞུ་གཏུག་གི་ཐབས་ལམ་བདེ་པོ་མེད་པ”སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཞབས་ཞུའི་སྒྲིག་སྲོལ་ཚད་ལྡན་དུ་བཏང་བ་བརྒྱུད། དྲ་སྦྲེལ་བརྙན་འཕྲིན་གྱི་འཛད་སྤྱོད་ཉམས་ལེན་ཁྱོན་ཡོངས་ནས་ལེགས་སུ་བཏང་ཐོག བརྙན་འཕྲིན་གྱི་མུ་འབྲེལ་གྲོན་བསྡུའི་ལས་དོན་སྲ་བརྟན་དུ་བཅོས་སྐྱོང་བྱེད་པའི་རྨང་གཞིའི་ཐོག དེ་བས་དྲང་གཞག་དང་ཕྱི་གསལ་ནང་གསལ། སྟབས་བདེ་བཅས་ཀྱི་དྲ་སྦྲེལ་བརྙན་འཕྲིན་ཞབས་ཞུའི་འབྱུང་ཁམས་འཛུགས་རྒྱུ་རེད།

གཅིག སྤྱོད་མཁན་གྱི་གནས་ཚུལ་ཤེས་དབང་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཏེ། ངོས་ལེན་འདེམས་རྒྱུ་ཚོད་འཛིན་ནན་པོ་བྱེད་པ་དང་བཙན་གྱིས་བསྡམ་བཀྱིགས་བྱ་རིགས་བཀག་འགོག་བྱེད་དགོས། 

རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའི་གཏན་འབེབས་ལྟར་ན། དྲ་སྦྲེལ་བརྙན་འཕྲིན་གྱི་འདུས་གྲུབ་སྒྲིག་གཞིས་རང་འགུལ་ངང་གྲོན་དངུལ་བསྟུད་མར་འཐེན་པའི་ཞབས་ཞུ་འདོན་སྤྲོད་བྱེད་སྐབས།  ངེས་པར་དུ“སྤྱོད་མཁན་གྱིས་རང་འགུལ་ངང་འདེམས་པའི”རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། སྦས་སྐུང་དོན་ཚན་ནམ་ཡང་ན་བཙན་ཤེད་ཀྱིས་ཞབས་ཞུ་གཞན་དག་བསྡམས་པའི་བྱ་ཐབས་བརྒྱུད། སྤྱོད་མཁན་ལ་འཇམ་ཁྲིད་བྱས་ནས་སྒོ་འབྱེད་རིགས་བཀག་འགོག་བྱ་དགོས། “རང་འགུལ་མཐུད་མངགས”ནུས་པ་གཟབ་ནན་ངང་སྤྱོད་དགོས། སྤྱོད་མཁན་གྱིས་རང་འགུལ་མཐུད་མངགས་ཞབས་ཞུ་ཚུད་པའི་བལྟ་ཉན་ཐོན་རྫས་ཐེངས་དང་པོར་མངག་ཉོ་བྱེད་སྐབས། གཏན་འཁེལ་ཐེངས་གཉིས་བྱེད་པའི་བྱ་ཐབས་བརྒྱུད་མོས་མཐུན་ཐོབ་ཚེ། གཞི་ནས་གཏོང་སྤྲོད་ཀྱི་ལྷུ་ཚིགས་སུ་ཞུགས་ཐུབ་པ་བྱ་དགོས།

གཉིས། “གཞན་དབང་གིས་གྲོན་དངུལ་འཐེན་པ”དང་ཁ་བྲལ་ཏེ།  གྲོན་དངུལ་བསྟུད་མར་འཐེན་པའི་གོང་ལ་དྲན་སྐུལ་མངོན་གསལ་བྱས་ནས་འཛད་སྤྱོད་དེ་བས་ཚོད་འཛིན་བྱེད་དགོས།

  སྤྱོད་མཁན་གྱིས་བཏོན་པའི་རང་འགུལ་ངང་གྲོན་དངུལ་བསྟུད་མར་འཐེན་པའི“གྲོན་དངུལ་མ་འཐེན་གོང་ལ་དྲན་སྐུལ་མེད་པ”དང“མེད་པར་བཟོ་བའི་བརྒྱུད་རིམ་རྙོག་འཛིང་ཆེ་བའི”གནད་དོན་ལ་དམིགས་ཏེ། གཏན་འབེབས་གསར་པའི་ནང་། དྲ་སྦྲེལ་བརྙན་འཕྲིན་གྱི་འདུས་གྲུབ་གཏོང་འཛིན་སྟེགས་བུས་སྤྱོད་མཁན་གྱིས་རང་འགུལ་ངང་གྲོན་དངུལ་བསྟུད་མར་འཐེན་པའི་ཉིན་ལྔའི་གོང་། འཕྲིན་ཐུང་དངAPPའདེད་སྐྱེལ། ཞབས་ཞུའི་སྟེགས་བུའི་ཆ་འཕྲིན་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་གྲོན་དངུལ་འཐེན་པའི་དྲན་སྐུལ་བྱ་དགོས་པ་མ་ཟད། དྲན་སྐུལ་གྱི་ནང་དོན་ལ་གྲོན་དངུལ་བསྟུད་མར་འཐེན་པའི་ཐོན་རྫས་ཀྱི་མིང་དང་། གྲོན་དངུལ་འཐེན་པའི་དངུལ་གྲངས། ཞབས་ཞུའི་དུས་ཚད་སོགས་འགག་རྩའི་ཆ་འཕྲིན་ཚུད་པ་བྱས་ནས། སྤྱོད་མཁན་གྱིས་མུ་མཐུད་མངགས་ཉོ་བྱས་པའི་ཐོན་རྫས་ཀྱི་ཆ་འཕྲིན་ཡང་དག་པའི་སྒོ་ནས་ངོས་འཛིན་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་བླང་བྱ་ཁ་གསལ་བཏོན་ཡོད། 

གསུམ། འབྲེལ་ཡོད་ཞུ་གཏུག་གི་འཇུག་སྒོ་བཙུགས་ཏེ། རེ་འདུན་ཐད་ཀར་ཐག་གཅོད་དང་དང་ལེན་མགྱོགས་སུ་གཏོང་དགོས།

སྤྱོད་མཁན་གྱིས་བཏོན་པའི“ཞུ་གཏུག་ཐབས་ལམ་བདེ་པོ་མེད་པའི”གནད་དོན་ཐག་གཅོད་བྱེད་ཆེད། གཏན་འབེབས་གསར་པའི་ནང་། དྲ་སྦྲེལ་བརྙན་འཕྲིན་གྱི་འདུས་གྲུབ་སྟེགས་བུས“རང་འགུལ་ངང་གྲོན་དངུལ་བསྟུད་མར་འཐེན་པའི”འཇུག་སྒོ་དེ་མཁོ་མཁན་ཞབས་ཞུའི་བདག་སྤྲོད་ཀྱི་རིམ་པ་དང་པོའི་ནང་བཞག་ནས། སྤྱོད་མཁན་གྱིས་འཕྲལ་མར་རེ་ཞུ་ཕུལ་བར་དུས་ཐོག་ཏུ་དང་ལེན་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

ད་ཐེངས་རང་འགུལ་ངང་གྲོན་དངུལ་བསྟུད་མར་འཐེན་པའི་ཞབས་ཞུ་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བརྙན་འཕྲིན་གྱི་མུ་འབྲེལ་གྲོན་བསྡུའི་ལས་དོན་སྲ་བརྟན་དང་གཏིང་ཟབ། རྒྱ་སྐྱེད། མཐོར་གཏོང་བཅས་བྱས་ཏེ། སྤྱོད་མཁན་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱས་ནས། ལམ་ལུགས་ཇུས་འགོད་བརྒྱུད་ལས་རིགས་ཞབས་ཞུའི་ངོ་བོར་ཕྱིར་ལོག་པར་ཁྲིད་སྟོན་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཡིན་པས། སྡེ་ཁག་མང་པོ་དང་ལས་རིགས་ཁེ་ལས་ཀྱི་ཐུན་མོང་གི་འབད་བརྩོན་འདུས་ཡོད། སྤྱོད་མཁན་གྱིས་རང་འགུལ་ངང་གྲོན་དངུལ་བསྟུད་མར་འཐེན་མིན་རང་མོས་ངང་འདེམས་ཆོག་པ་མ་ཟད། དུས་རྣམ་ཀུན་ཏུ་གྲོན་དངུལ་བསྟུད་མར་འཐེན་པའི་ཞབས་ཞུ་མཚམས་བཞག་ཆོག་པས། མཐར་ཕན་པ་ཐོབ་ཡུལ་ནི་རྒྱ་ཆེའི་འཛད་སྤྱོད་པ་ཡིན། འབྱུང་འགྱུར་འབྲེལ་ཡོད་སྡེ་ཁག་གིས་འགུལ་རྣམ་ལྟ་སྐུལ་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། དམངས་ལ་སྟབས་བདེ་བསྐྲུན་འི་བྱེད་ཐབས་དེ་བས་མང་བ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས། བརྙན་ཤེལ་ཆེན་པོའི་འཛད་སྤྱོད་སྔར་བས་བློ་བདེ་ཡོང་བ་བྱ་དགོས།


མཉམ་སྤྱོད།