དེ་རིང་ནི2025ལོའི་ཟླ06པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་ཝུ་མདོ་ཉག་ག་ནས་ཤར་གྱི་གྲོགས་ལྷའི་བར་གྱི་གྲོང་གསེབ་གཞུང་ལམ་དུས་བཀག་ལྟར་ཤར་གཏོང་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

2025-06-18 16:24:26   |   62

སྒྲིག་སྒྱུར། ཀླུ་མོ་མཚོ།   ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས། རིན་ཆེན་ཚེ་རིང་།


གཞུང་ལམ་ཨར་ལས་བྱས་པའི་རྐྱེན་གྱིས་མདའ་བཞི་རྫོང་ཝུ་མདོ་ཉག་ག་ནས་ཤར་གྱི་གྲོགས་ལྷའི་བར་གྱི་གྲོང་གསེབ་གཞུང་ལམ་དེ་རིང་ནས་བཟུང་དུས་བཀག་ལྟར་ཤར་གཏོང་བྱ་རྒྱུ་སྟེ། འགྲོ་སྐྱོད་ཆོག་པའི་དུས་ཚོད་ནི་དགོང་མོའི་ཆུ་ཚོད20:00ནས་ཕྱི་ཉིན་གྱི་ཆུ་ཚོད7:00བར་ཡིན་པ་དང་། དེའི་རྗེས་ཀྱི་དུས་མཚམས་སུ་འགྲོ་སྐྱོད་བྱེད་མི་ཆོག་ཅིང་། ལམ་ཐིག་ཧྲིལ་པོར་འགྲོ་སྐྱོད་བྱེད་པའི་དུས་ཚོད་ད་དུང་གཏན་འཁེལ་བྱས་མེད། རྒྱ་ཆེའི་ཁ་ལོ་བས་འགྲོ་སྐྱོད་ལམ་ཐིག་སྔ་སྣུར་དུ་འཆར་འགོད་བྱས་ཏེ། འགྲོ་སྐྱོད་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། རླངས་འཁོར་དལ་མོར་སྐོར་བ། རླངས་འཁོར་སྐོར་བའི་བདེ་འཇགས་ལ་དོ་སྣང་བཅས་བྱེད་དགོས།

མཚོ་བྱང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།

2025ལོའི་ཟླ6ཚེས18ཉིན།


མཉམ་སྤྱོད།