དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་དགུ་པ་ཁུན་མིང་དུ་འཚོགས།

2025-06-19 16:51:30   |   116

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།    ཞིན་ཧྭ་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ6པའི་ཚེས19ཉིན་འབྱོར་བའི་གློག་འཕྲིན། ཚེས19ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་དགུ་པ་ཁུན་མིང་དུ་འཚོགས་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མིང་མགོ་རྩོམ་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ།

ཝང་ཏུང་མིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་དབྱེ་དང་། མཉམ་ལས། ཁོང་ཡངས་བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་བ་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཐོབ་ཡོད། ཕྱོགས་གཉིས་པོའི་གཉིས་ཁེ་མཉམ་ལས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་ལ་ས་ཁོངས་དབར་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་མིག་དཔེ་ཡང་བཏོད་ཡོད།

ཝང་ཏུང་མིང་གིས་ཀྲུང་གོས་རང་ངོས་འཕེལ་རྒྱས་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཞི་བདེ་དང་བདེ་འཇགས། དར་རྒྱས། མཛེས་སྡུག་ལྡན་པ། མཛའ་གྲོགས་བཅས་ཀྱི“ཁྱིམ་གཞིས་ཆེན་པོ་ལྔ”བསྐྲུན་རྒྱུ་དེ་ཐུན་མོང་གི་འདུན་པར་བརྩིས་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་གཏོད་རྒྱུར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་སང་ཉིན་མཉམ་སྐྲུན་བྱེད་དགོས་པ་བསྟན། 

ཚེས18ནས19ཉིན་བར། ཝང་ཏུང་མིང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་དོན་མི་སྣ་གལ་ཆེན་དང་མཇལ་འཛོམས་གནང་བ་རེད།


མཉམ་སྤྱོད།