དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རིག་ནུས་ཚན་རྩལ་གྱིས་དབྱར་འབྲུ་བསྡུ་ལེན་ལ་རམ་འདེགས་བྱས་པ།

2025-06-20 10:31:02   |   38

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རང་རྒྱལ་གྱི“དབྱར་གསུམ”གྱི་འགག་རྩའི་དུས་ཚིགས་ཡིན་པས། དབྱར་འབྲུ་བསྡུ་ལེན་གྱི་མཇུག་བསྡུའི་དུས་ལ་སླེབས་ཡོད། གྲོ་བསྡུ་བ་དང་འཚམ་པའི་དུས་ཡུན་ཐུང་བ་དང་དབྱར་བསྡུའི་འགག་རྩའི་དུས་ཚོད་བརྩོན་ལེན་བྱེད་པའི་འགྲན་སློང་ལ་ཁ་གཏད་གཅོག་ཆེད། རིག་ནུས་ཞིང་འཕྲུལ་དང་གསར་གཏོད་ཚན་རྩལ་གྱིས་ཧོ་ནན་དང་ཧོ་པེ། ཧུའུ་པེ་སོགས་ས་ཁུལ་གྱི་དབྱར་བསྡུའི་ཁྲོད་འགག་རྩའི་ནུས་པ་ཐོན་ནས། བརྔ་བསྡུའི་ལས་ཕྱོད་དང་བཀོད་གཏོང་ཞིབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

dbb53ef4e8fe268ae29c33e1f902072.jpg

ཟླ6ཚེས11ཉིན། ཧོ་པེ་ཧེང་ཧྲུའེ་ཅི་ཀྲོའུ་ཆུས་ཀྱི་གྲོ་བསྡུ་མང་ཤོས་ཀྱི་དུས་སུ་རིག་ནུས་རམ་འདེགས་འཁོར་གཏོང་མ་ལག་སྒྲིག་སྦྱོར་བྱས་པའི་བརྔ་སྡུད་འཕྲུལ་འཁོར་ཞིག་ལ་མི་རྣམས་ཀྱི་དོ་སྣང་ཆེན་པོ་བྱུང་ཡོད། ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བས་བརྔ་སྡུད་འཕྲུལ་འཁོར་བཏང་ནས་གྲོ་ཞིང་དུ་སྐོར་བ་གཅིག་བསྐོར་ན་མ་ལག་གིས་རང་འགུལ་ངང་ལས་སྒྲུབ་ཐབས་ལམ་ཚད་འཇལ་ཐུབ་པ་དང་འབྲེལ་དུས་ཐོག་ཏུ་བརྔ་བསྡུའི་རྒྱ་ཁྱོན་བསྡོམས་རྩིས་ཐུབ་ཀྱི་ཡོད་ཅིང་། གང་དེས་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བའི་ལས་སྒྲུབ་ཀྱི་ཁུར་པོ་ཡང་དུ་བཏང་བ་མ་ཟད། མིས་ཐབས་ཀྱི་བཀོལ་སྤྱོད་ལས་བརྔ་བསྡུ་དེ་བས་ལེགས་པའི་ཕན་འབྲས་དང་ལས་ཕྱོད་མངོན་འགྱུར་བྱུང་ཡོད། མ་ལག་དེ་ནི་ཧོ་ནན་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་བ་ཀྲང་ཧྲའོ་ཧྭ་གནས་སའི་མཉམ་ལས་ཁང་གིས་ཧྲེན་ཀྲེན་ཚན་རྩལ་ཁེ་ལས་ཤིག་དང་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་། ཆུ་ཚོད200ལྷག་ཙམ་རིང་ས་གནས་ས་ཐོག་ཏུ་ར་སྤྲོད་བྱས་པ་བརྒྱུད་བྱེད་ནུས་རྒྱུན་མཐུད་ངང་འཐུས་ཚང་དུ་ཕྱིན་ཡོད།

ee0fda90fd0c27ed8f799a2aafacc60.jpg

ཞིང་ལས་འཕྲུལ་ཆས་མང་པོ་འདུས་པ་དང་བེད་མེད་དུ་ལུས་པ་ནི་ཞིང་ལས་སྡེ་ཁག་གིས་མྱུར་དུ་སེལ་དགོས་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད། ཧོ་ནན་ཞིང་ཆེན་ལུའོ་ཧོ་གྲོང་ཁྱེར་དུ“ཧོ་ནན་ཞིང་ལས་འཕྲུལ་ཆས་སྤྲིན་སྟེགས”ཞེས་པ་དེས་དཀའ་གནད་དེ་ཐག་གཅོད་ནུས་ལྡན་ཐུབ་ཡོད། ཞིང་ཆེན་རིམ་པའི་ཞིང་ལས་འཕྲུལ་ཆས་ཆ་འཕྲིན་ཅན་གྱི་སྟེགས་བུ་དེས་ཞིང་ལས་འཕྲུལ་ཆས་ཀྱི་དུས་ཐོག་ཏུ་གནས་ཡུལ་དང་། ལས་སྒྲུབ་ལམ་ཤུལ། རྒྱ་ཁྱོན་གྲངས་གཞི་བཅས་བསྡུ་སྒྲིལ་ཐུབ་ནས་ཞིང་ལས་འཕྲུལ་ཆས་ཐོན་ཁུངས་དང་བརྔ་བསྡུའི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྙོམ་སྒྲིག་ཐུབ་པ་བྱུང་ཡོད། ལུའོ་ཧོ་གྲོང་ཁྱེར་གསེར་གྱི་ས་ཞིང་ཞེས་པའི་མཉམ་ལས་ཁང་གི་ཞིང་ལས་འཕྲུལ་ཆས་བརྒྱ་ལྷག་ཙམ་ལས་སྟེགས་སུ་སྦྲེལ་མཐུད་བྱས་རྗེས། བཀོད་གཏོང་ལས་ཕྱོད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་མཉམ་ལས་ཁང་གི་ལས་ཀའི་འབོར་ཚད་ལོངས་པ། ཁ་ལོ་བའི་ཡོང་འབབ་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། ལས་སྟེགས་དེའིAIདཔེ་དབྱིབས་ཆེ་གྲས་ཀྱིས་ད་དུང་གནམ་གཤིས་སྔོན་བརྡ་གཏོང་བ་དང་འབྲུ་བསྡུའི་མྱུར་ཚད་སོགས་ཀྱི་ཆ་འཕྲིན་གཞིར་བཟུང་། ལས་སྒྲུབ་རྗེས་ལུས་ཐེབས་པའམ་ཡང་ན་ཞིང་ལས་འཕྲུལ་ཆས་མི་འདང་བའི་ས་ཁོངས་ལ་བཀོད་གཏོང་གྲོས་གཞི་མཁོ་འདོན་བྱེད་ཐུབ། ལག་ལེན་ལས་མངོན་པར་ལྟར་ན། ལུའོ་ཧོ་གྲོང་ཁྱེར་ཀྲའོ་ལིང་ཆུས་ཀྱི་གྲོ་བསྡུ་ལེན་དུས་ཚོད་དེ་སྔའི་ཉིན10ནས་ཉིན7བར་ཐུང་དུ་ཕྱིན་ཡོད།

477edbcef52166a8d2c51934d430b9b.jpg

གློ་བུར་དུ་ཐོན་པའི་གནམ་གཤིས་འགྲན་སློང་གི་མདུན་དུ། ཚན་རྩལ་གྱིས་མཚན་མོའི་འབྲུ་རིགས་བསྡུ་ལེན་ནུས་པ་འགན་ལེན་བྱས་ཡོད། ཟླ6ཚེས12ཉིན། ཧོ་པེ་ཝང་ཏུའུ་རྫོང་ལ་དྲག་ཆར་གྱི་ཉེན་བརྡ་འབྱོར་རྗེས། འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བྱས་ནས། འཁོར་ཐོག་གི་སྒུལ་བདེའི་གློག་སྒྲོན་དང་ནུས་ཚད་ཆེ་བའི་མི་མེད་གནམ་གྲུའི་གློག་སྒྲོན་བསྡུ་རུབ་ཀྱིས་མཚན་མོར་འབྲུ་རིགས་བསྡུ་ལེན་བྱས་ཡོད། མི་མེད་གནམ་གྲུའི་གློག་སྒྲོན་ནི་ཐག་སྐུད་བརྒྱུད་དེ་ས་ངོས་ཀྱི་གློག་ཁུངས་དང་སྦྲེལ་ཐུབ་པས། དུས་ཡུན་རིང་པོ་ཞིག་ལ་བརྔ་བསྡུའི་ས་ཁོངས་ལ་རྒྱ་ཁྱོན་ཆེ་བའི་གློག་འོད་མཁོ་འདོན་ཐུབ་ཀྱི་ཡོད་པས། དེར་བར་སྟོང་གིས་ཚོད་འཛིན་ཐེབས་ཀྱི་མེད་ལ། ས་གནས་དེ་གའི་བཀོལ་སྤྱོད་བྱེད་ཐེངས་དང་པོ་ཡང་ཡིན་པ་རེད། ཉིན་དེའི་དགོང་མོ་ཁོ་ནར་གྲོ་མུའུ350ལྷག་ཙམ་བསྡུ་ལེན་བྱས་པ་རེད། དེ་རྗེས་རྫོང་དེས་ཉིན་མཚན་བལྟོས་མེད་ཀྱིས་ལས་སྒྲུབ་བྱས་ནས་ཟླ6ཚེས18ཉིན་བར་རྫོང་ཡོངས་ཀྱི་གྲོ་མུའུ་ཁྲི29ཚང་མ་བདེ་བླག་ངང་འབྲུ་མཛོད་ཁང་དུ་སྐྱེལ་ཐུབ་ཡོད། 

ec2161e4cf725d73c956fcd8b1cff6d.jpg

འཕྲལ་སྡོམ་བྱེད་ཐབས་འདི་ནི་ཧུའུ་པེ་ཡི་ཉམས་མྱོང་དཔྱད་གཞིར་བཟུང་བ་ཞིག་རེད། ཟླ5པའི་ཟླ་མཇུག་ཏུ། ཧུའུ་པེ་ཧོང་མེ་རྫོང་གི་ཞིང་དུད་ཝུའུ་ཚུང་ཞན་ལ་མཚན་མོའི་བརྔ་བསྡུའི་གློག་སྒྲོན་གྱི་ཆག་སྐྱོན་ཤོར་བས། ས་གནས་དེ་གའི་གློག་འདོན་ལག་རྩལ་མི་སྣས་ནུས་ཚད་ཆེ་བའིLEDགློག་སྒྲོན་སྒར་བའི་མི་མེད་གནམ་གྲུ་གསར་གཏོད་ཀྱིས་གློག་འོད་མཁོ་འདོན་བྱས་ཡོད། སྙོམ་སྒྲིག་བྱས་པ་བརྒྱུད། མཐར་ཞིང་དུད་ཀྱིས་དྲག་ཆར་མ་བབས་གོང་གྲོ་ཞིང་མུའུ་གཉིས་ཙམ་བརྔ་བསྡུ་བྱེད་པའི་ཐད་རོགས་རམ་བྱས་ཡོད།

4cafbd38751825c98397773bc3e141f.jpg

རིག་ནུས་རམ་འདེགས་འཁོར་གཏོང་བརྔ་སྡུད་འཕྲུལ་འཁོར་གྱིས་འཕྲུལ་འཁོར་རྐྱང་པའི་ལས་ཕྱོད་ཆེ་རུ་གཏོང་བ་ནས“ཞིང་ལས་འཕྲུལ་འཁོར་སྤྲིན་སྟེགས”ཁྱོན་ཡོངས་ཀྱི་བཀོད་གཏོང་ལེགས་སུ་གཏོང་བའི་བར། དེ་ནས་མི་མེད་གནམ་གྲུའི་གློག་སྒྲོན་གྱིས་འཕྲལ་སྡོམ་བསྡུ་ལེན་འགན་ལེན་བྱེད་པའི་བར། ཞིང་ལས་ཚན་རྩལ་དེ་ཉིད་ཐོན་སྐྱེད་འཐབ་དང་པོ་དང་གཏིང་ཟབ་ཏུ་འདྲེས་བཞིན་ཡོད། ལག་ལེན་དེ་དག་གིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བརྗོད་བྱས་པ་དང་། ཚན་རྩལ་གྱིས་དེང་རབས་ཞིང་ལས་ལ་ནུས་པ་འདོན་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་པ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འཛུགས་རྒྱུར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཡོད།

30523dd5b564ce698bb6bbd913ee99d.jpg

ཚན་རྩལ་ལ་བརྟེན་ནས་གྲོ་ཞིང་ལ་རེ་བས་ཁེངས་སུ་བཅུག་པ་དང་ཞིང་པ་ལའང་རེ་བས་ཁེངས་སུ་བཅུག་ཡོད་ལ། དེ་བས་ཀྱང་ང་ཚོར་ཚན་རྩལ་གྱིས་དེང་རབས་ཞིང་ལས་ལ་ནུས་པ་འདོན་སྟངས་སྣ་ཚོགས་ཀྱང་ཚོར་ཐུབ་པ་བྱུང་ཡོད། རིག་ནུས་རམ་འདེགས་འཁོར་གཏོང་མ་ལག་སྒྲིག་སྦྱོར་བྱས་པའི་བརྔ་སྡུད་འཕྲུལ་འཁོར་དང་། ཛ་དྲག་གི་སྐབས་སུ་གྲོ་བསྡུ་སར་མི་མེད་གནམ་གྲུའི་གློག་སྒྲོན་སྒར་བ། ད་དུང་ཚན་རྩལ་སྒྲིག་ཆས་གཞན་དག་བེད་སྤྱོད་བཅས་ཚང་མ་ལས། “ཚན་རྩལ”ནི་སྔ་མོ་ནས་ཚོད་ལྟ་ཁང་ནང་གི་གྲངས་གཞི་སྟོང་པ་ཁོ་ན་ཙམ་མིན་པར། དེ་ནི་ས་མྱགས་ཁྲོད་རྩ་བ་བརྟན་པོ་ཚུགས་ནས་ལོ་ཏོག་ལ་སྲུང་སྐྱོང་བྱེད་པའི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བཞིན་པ་གསལ་བཤད་བྱས་ཡོད། ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་གནད་འགག་ནི་ཞིང་ལས་ཚན་རྩལ་དེང་རབས་ཅན་དུ་འགྱུར་བ་དེ་ཡིན། རེ་བའི་ཞིང་སར“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”དེས་རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བཞིན་ཡོད།


མཉམ་སྤྱོད།