དེ་རིང་ནི2025ལོའི་ཟླ07པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ལྷ་སར་ཕེབས་འབྱོར་ཟིན་པ།

2025-06-30 14:58:15   |   67

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན།  ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་གནམ་གྲུར་བཞུགས་ཏེ་ལྷ་སར་ཕེབས་འབྱོར་ཟིན་ནས་བོད་ལྗོངས་སུ་འགན་སྒྲུབ་ཕྱག་ལས་དང་།  སྤྱི་ཚོགས་བརྟག་ཞིབ། ཆོས་ཕྱོགས་ཀྱི་མཛད་སྒོ་བཅས་སྤེལ་མགོ་བརྩམས་ཡོད།

པཎ་ཆེན་རིན་པོ་ཆེ་ལྷ་ས་གོང་དཀར་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས་གུས་ཞུའི་མི་སྣས་པཎ་ཆེན་རིན་པོ་ཆེར་གྲོ་སོ་ཕྱེ་མར་བཀྱགས་པ་དང་། པཎ་ཆེན་རིན་པོ་ཆེས་ཕྱེ་མར་ཕུད་གཏོར་གནང་ནས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་རྣམས་བཀྲ་ཤིས་བདེ་ལེགས་ཡོང་བའི་གསོལ་བ་སྨོན་ལམ་བཏབ་གནང་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་བསོད་ནམས་ཉི་མ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས་བཅས་ཀྱིས་པཎ་ཆེན་རིན་པོ་ཆེར་མཇལ་དར་ཕུལ་ནས་པཎ་ཆེན་རིན་པོ་ཆེ་ལྷ་སར་ཕེབས་པར་དགའ་བསུ་ཞུས་ཡོད།

པཎ་ཆེན་རིན་པོ་ཆེ་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་འབྱོར་ཟིན་སྐབས། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།  བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་ཅང་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུའི་ཧྲུའུ་ཅི་ཞའོ་ཡིའུ་ཚའེ།  བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་ཀྲུའུ་ཧྲོའུ་ཁོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པདྨ་དབང་འདུས་དང་ཡུས་ཡུན་ཀུའེ་བཅས་ཀྱིས་པཎ་ཆེན་རིན་པོ་ཆེར་མཇར་དར་ཕུལ་ནས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་། དམངས་ཆེན།  སྲིད་གཞུང་།  སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་པཎ་ཆེན་རིན་པོ་ཆེ་ཕེབས་པར་དགའ་བསུ་ཞུས་པ་དང་།  དགོན་སྡེ་ཁག་གི་འཐུས་མི་དང་། མང་ཚོགས་ཀྱི་འཐུས་མི། སྐུ་མཆེད་ཀྱི་འཐུས་མི། ཕོ་བྲང་དོ་དམ་ཁྲུའུ་ཡི་ལས་དོན་མི་སྣ།  སེར་སྦྲེང་ལ་ཞུགས་པའི་དགེ་འདུན་པ་བཅས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་སེར་སྦྲེང་བསྒྲིགས་ཏེ་པཎ་ཆེན་ལ་སྤྲོ་སེམས་རབ་ཏུ་འཁོལ་པོས་དགའ་བསུ་ཞུས།

པཎ་ཆེན་རིན་པོ་ཆེ་ལྷ་སར་བཞུགས་རིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་སུ་རྒྱུན་གཏན་གྱི་འགན་སྒྲུབ་ཕྱག་ལས་གནང་རྒྱུ་མ་ཟད། སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་རྒྱུ་རེད།


མཉམ་སྤྱོད།